འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་
    འཆར་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་《མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)བཏོན་ཏེ་2020ལོར་སླེབས་སྐབས་རང་རེའི་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུག་བཞག་སྲུང་སྐྱོང་གི་མིང་ཐོ་དང་དེ་བཞིན་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པར་ཡིག་ཚགས་བཟོ་བའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཟིན་ཐོ་དང་གྲངས་གཞི་ཅན་གྱི་སྲུང་སྐྱོང་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ། ཞིང་ཆེན་རིམ་པའི་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་འཛུགས་རྒྱུ་བཅས་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་130བར་མང་དུ་གཏོང་རྒྱུ་དང་། ཞིང་ཆེན་རིམ་པའི་མངོན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་500ཡན་མང་དུ་གཏོང་རྒྱུ། རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་བྱས་པའི་མི་གྲངས་100ཟིན་པ་བྱ་རྒྱུ། ཞིང་ཆེན་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་བྱས་པའི་མི་གྲངས་1500ཟིན་པ་བྱ་རྒྱུ་བཅས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་རྟེན་གཞི་25ཟིན་པ་བྱ་རྒྱུ། ཞིང་ཆེན་རིམ་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་ཁུལ་100ཟིན་པ་བྱ་རྒྱུ། ཞིང་ཆེན་དེ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་རྟེན་གཞི་དང་ཁྲིད་སྦྱོང་ཁང་(སུའོ)གི་གྲངས་འབོར་300ཡན་ཟིན་པ་བྱ་རྒྱུ་བཅས་ཁ་གསལ་བཏོན་ཡོད།
          《བསམ་འཆར་》ནང་དཔྱད་ཞིབ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྲུང་སྐྱོང་གི་ཆ་རྐྱེན་དང་འཚམ་པའི་རྣམ་གྲངས་ཞིང་ཆེན་དང། ཀྲོའུ་གྲོང་ཁྱེར་། རྫོང་བཅས་རིམ་གསུམ་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་ཐོའི་མ་ལག་ནང་སོ་སོར་བཅུག་སྟེ་སྲུང་སྐྱོང་གི་རིན་ཐང་ཆེན་པོ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་ཐོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི“མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་མིང་ཐོའི”ནང་རེ་ཞུ་བྱ་རྒྱུར་འོས་སྦྱོར་ཧུར་ཐག་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།