འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་མིའི་ཡོང་འབབ་ལོ་བདུན་བསྟུད་མར་བརྟན་པོའི་ངང་འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་གྲོང་མིའི་གཏོང་ཡོང་བརྟག་དཔྱད་བསྡོམས་རྩིས་འབྲས་བུ་ལས་མངོན་པར་གཞིགས་ན། 2010ལོ་ནས་2017ལོ་བར། མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་12.4%འཕར་ནས་ལོ་བདུན་བསྟུད་མར་བརྟན་པོའི་ངང་འཕར་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། དེ་བཞིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། ད་ཡོད་ཀྱི་རྩྭ་ཐང་དང་། འདམ་ར། ནགས་ས་བཅས་ཀྱི་དོ་དམ་སྲུང་སྐྱོང་གི་ལས་གནས་དེ་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཐོག་གཅིག་གྱུར་དང་ཟླ་སྒྲིལ་བཏང་ནས་གླིང་ཁུལ་གྱི་འདམ་ར་དང་། ཆུ་ཡུར། ནགས་ས། སྤང་ལྗོངས། བདག་ཏུ་མ་བཟུང་བའི་སྲོག་ཆགས་བཅས་ལ་རྒྱུན་གཏན་གྱི་སྐོར་ཞིབ་སྲུང་སྐྱོང་བྱ་རྒྱུའི་འགན་འཁུར་བ་དང་། ས་ཁུལ་ཁག་གི་དུད་ཚང་དབུལ་པོར་སྔོན་ལ་ལག་བསྟར་བྱེད་པ་དང་། དེ་རྗེས་གནས་ཚུལ་ལ་གཞིགས་ནས་སྣོད་བཅུད་སྤྱི་ཕན་དོ་དམ་སྲུང་སྐྱོང་གི་ལས་གནས་བཀོད་སྒྲིག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར། མཚོ་སྔོན་གྱིས་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལ་ཤུགས་སྣོན་བརྒྱབ་ནས་བོད་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་མངོན་གསལ་དོད་པོ་བྱས་པ་དེས་བོད་རིགས་ས་ཁུལ་གྱི་གླ་ཕོགས་ཀྱི་ཡོང་འབབ་འཕར་ཚད་ལོ་རྒྱུས་ཀྱི་མགྱོགས་ཤོས་སུ་སླེབས་ཡོད་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་དུ་དབྱར་རྩྭ་དགུན་འབུས་གཙོ་བོ་བྱེད་པའི་ཀྲུང་ལུགས་དང་བོད་སྨན་རྒྱུ་ཆའི་རིན་གོང་གི་ཚད་གཞི་འཕར་ནས་ཐོན་ལས་དང་པོའི་གཉེར་སྐྱོང་གི་ཁེ་གཙང་ཡོང་འབབ་མགྱོགས་མྱུར་འཕར་ཡོད་པ་རེད། གཞན་ཡང་། མཚོ་སྔོན་སྲིད་གཞུང་གིས་ད་དུང་སྔར་ཡོད་ཀྱི་སྲིད་ཇུས་ཐོག་ལས་གཏོད་དང་ཐོན་ལས་དབུལ་སྐྱོར་སོགས་མ་དངུལ་གྱི་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཐོན་ལས་གསུམ་པར་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་པ། གྲོང་གསེབ་ཀྱི་ཐོན་ལས་གསུམ་པ་གཉེར་སྐྱོང་བྱེད་མཁན་མི་གྲངས་རྒྱུན་ཆད་མེད་པར་འཕར་ནས་ཐོན་ལས་གསུམ་པའི་ཁེ་གཙང་ཡོང་འབབ་མགྱོགས་མྱུར་ངང་འཕར་ཡོད་པ་རེད།
         བསྡོམས་རྩིས་འབྲས་བུ་ལས་མངོན་པར། མཚོ་སྔོན་གྱི་རིམ་ཁག་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་བཏོན་ནས་ལག་བསྟར་བྱས་པ་དང་ཆབས་ཅིག མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོའི་སྒོར་4122ནས་2017ལོའི་སྒོར་9331བར་འཕར་བ་དང་ལོ་7རིང་ལྡབ་1.26འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་12.4%ཟིན་ཡོད་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོའི་སྒོར་ཁྲི་1.5ནས་2017ལོའི་སྒོར་ཁྲི་2.98བར་འཕར་བ་དང་ལོ་རེར་ཆ་སྙོམས་10.3%འཕར་ནས་གཉིས་ཀ་ལོ་བདུན་བསྟུད་མར་བརྟན་པོའི་ངང་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།