འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧང་ག་རིས་ཀྲུང་གོའི་ཁྱི་ལོའི་ལོ་རྟགས་ཀྱི་སྦྲག་འཛིན་འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཧང་ག་རིས་ཀྲུང་གོའི་ཁྱི་ལོའི་ལོ་རྟགས་ཀྱི་སྦྲག་འཛིན་འགྲེམས་སྤེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན། ཧང་ག་རིའི་སྦྲག་སྲིད་ཀུང་སིས་པུ་ཏ་ཕེ་སིར་2018ལོའི་ཀྲུང་གོའི་ཁྱི་ལོའི་ལོ་རྟགས་ཀྱི་སྦྲག་འཛིན་འགྲེམས་སྤེལ་བྱས་པ་དང་། ཧང་ག་རི་སྦྲག་སྲིད་ཀུང་སིས་ད་ཐེངས་ཁྱི་ལོའི་ལོ་རྟགས་ཀྱི་སྦྲག་འཛིན་ཤོག་ལྷེ་ཆུང་ངུ་ཁྱོན་ཁྲི་7བཀྲམ་པ་རེད། ཤོག་ལྷེ་ཆུང་ངུ་རེར་སྦྲག་འཛིན་བཞི་ཡོད་པ་དང་དེའི་ཚོན་མདོག་རྟེན་འབྲེལ་མཚོན་བྱེད་དུ་དམར་པོ་དང་སེར་པོ་གཙོ་བོར་བྱས་ཡོད། སྦྲག་འཛིན་བཞིའི་ངོས་སུ་བྲིས་པའི་ཁྱིའི་རི་མོ་གཅིག་མཚུངས་ཡིན་པ་དང་མི་གཅིག་པའི་ས་ནི་ཚོན་མདོག་སྤེལ་རེས་བྱས་པ་དེ་རེད། སྦྲག་འཛིན་ཚང་མའི་ངོས་སུ་རྒྱ་ཡིག་དང་ཧང་ག་རིའི་ཡི་གེས“ཁྱི་ལོ”ཞེས་བཀོད་ཡོད། སྦྲག་འཛིན་རེའི་གསལ་བཀོད་རིན་ཐང་ཧྥུ་ལིན་(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་10ཡིན་པ་)400ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།