འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།པ་ཧེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་གཏན་འབེབས་
    གསར་པར་ཚད་གཞི་འཛུགས་ངེས་རེད་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧེས་དེའི་རིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨང་བསར་བྱས་ཟིན་ཞེས་བཤད་ཅིང་། ཁོང་གིས་ད་ལྟ་ཁྱབ་བསྒྲགས་བྱས་པའི“ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་དངུལ་གཏོང་མཁས་ཤོས”ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་གཏན་འབེབས་གསར་པའི་ཐད་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས“ཚད་གཞི་གསར་པ”འཛུགས་རྒྱུའི་རེ་བ་གནང་གི་ཡོད། 
         ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚེས་9ཉིན་འགོ་འཛུགས་རྒྱུ་ཡིན་ཞིང་། པ་ཧེས“བང་རྩལ་འགྲན་དགོས་པ་དང་འགྲན་མི་དགོས་པའི་འགྲན་ར་ཚང་མ་གྲ་སྒྲིག་ཨང་བསར་བྱས་ཟིན་པས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོག་རྒྱུ་རེད”ཅེས་བཤད། 
         ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་འདྲི་བར་ལན་འདེབས་སྐབས། པ་ཧེས་ཨོ་རྩལ་འགྲན་ཚོགས་ཀྱི་གཏན་འབེབས་གསར་པ་དེ་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་མངོན་ཡོད། “ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་དང་འབྲེལ་གཏུག་བྱས་ཟིན། པེ་ཅིང་གིས་གཏན་འབེབས་གསར་པ་ལག་བསྟར་བྱེད་པའི་ཐད་ཧ་ཅང་ཡག་པོ་བྱས་འདུག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་གཏན་འབེབས་གསར་པ་ལག་བསྟར་བྱ་རྒྱུར་ཚད་གཞི་གསར་པ་འཛུགས་ངེས་རེད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།