འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་བོད་ལྗོངས་སུ་གཞི་རྩའི་ཆ་ནས"བློ་ལྡན་གནམ་གཤིས"མ་ལག་
    སྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། 2018ལོའི་བོད་ལྗོངས་ཡོངས་ཀྱི་གནམ་གཤིས་ཅུས་ཀྲང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་འདས་པའི་ལོ་ལྔའི་རིང་གི་ལས་ཀ་ཕྱོགས་བསྡོམས་བྱས་པ་དང་། 2018 ལོའི་གཙོ་གནད་ལས་སྒྲུབ་ལས་འགན་བཀོད་སྒྲིག་བྱས་པ་མ་ཟད་། བོད་ལྗོངས་ཡོངས་ཀྱི་གནམ་གཤིས་ལས་བྱེད་པ་དང་ལས་བཟོ་པས་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་གང་ཐུབ་དང་། འབད་འཐབ་ཡར་བརྩོན་གྱིས་ལེའུ་གསར་པ་བརྩམས་ནས་དུས་རབས་གསར་པའི་བོད་ལྗོངས་གནམ་གཤིས་ཀྱི་རྒྱང་སྐྱོད་ལམ་གསར་གཏོད་པའི་སྐུལ་སློང་ཡང་བྱས་པ་རེད།
         གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་བཙུགས་པ་དང་། “ཕྱོགས་ཡོངས་ནས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་དང་“ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་ཏན་ཏིག་བཏང་ནས་གནམ་གཤིས་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་མངོན་གསལ་ཕྱིན་པ་དང་། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཉེན་བརྡ་གཏོང་བའི་ཞབས་ཞུའི་ནུས་པ་རྒྱུན་མ་ཆད་པར་ཆེ་རུ་ཕྱིན་པ། གནམ་གཤིས་ཚན་རྩལ་གསར་གཏོད་བྱེད་ནུས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ། གནམ་གཤིས་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་བཅས་ཀྱིས་བོད་ལྗོངས་འཕེལ་རྒྱས་མགྱོགས་མྱུར་དང་ཡུན་རིང་བདེ་འཁོད་ཡོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་རེད།
         གྲོས་ཚོགས་ཀྱིས་བསྟན་དོན། དུས་རབས་གསར་པའི་བོད་ལྗོངས་ཀྱི་གནམ་གཤིས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་། བླང་བྱ་གསར་པ་དང་ལས་འགན་གསར་པ་གསལ་རྟོགས་བྱེད་དགོས་ཤིང་། 2020ལོར་སླེབས་སྐབས། གཞི་རྩའི་ཆ་ནས་བློ་ལྡན་གནམ་གཤིས་མཚོན་རྟགས་སུ་གྱུར་པའི་དེང་རབས་ཀྱི་གནམ་གཤིས་ལས་སྒོ་དང་། ཞབས་ཞུ། ཚན་རྩལ་གསར་གཏོད། བཅོས་སྐྱོང་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱེད་དགོས་པ་དང་། 2035ལོར་སླེབས་སྐབས། གནམ་གཤིས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དངོས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པར་བྱེད་དགོས་ཤིང་། དུས་རབས་འདིའི་དུས་སྐེད་དུ་སླེབས་སྐབས། རྒྱལ་ཡོངས་གནམ་གཤིས་ལས་ཁུངས་དང་མཉམ་དུ་གནམ་གཤིས་དེང་རབས་ཅན་དུ་ཁྱོན་ཡོངས་ནས་སྐྲུན་ཐུབ་པར་བརྩོན་ལེན་བྱེད་དགོས།
         2018ལོའི་ལས་དོན་ཡག་པོ་སྒྲུབ་ཆེད། གྲོས་ཚོགས་ཐོག་ནས་གནམ་གཤིས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་པ་དང་། གནམ་གཤིས་ཀྱིས་བོད་ལྗོངས་ཡོངས་འཕེལ་རྒྱས་མགྱོགས་མྱུར་དང་ཡུན་རིང་བདེ་འཁོད་ཡོང་བར་འདེགས་སྐྱོར་དང་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་ཞེས་བསྟན་པ་རེད། 
         གཅིག་ནི་འཆར་གཞི་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་ལྷོད་མེད་བྱས་ནས་གཙོ་གནད་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་དང་། ལྟ་ཞིབ་ཚད་འཇལ་ས་ཚིགས་¬དང་དྲ་བ་བཀོད་སྒྲིག་ལེགས་འགྱུར། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ། གཞི་གྲངས་ཆེན་པོ་ནུས་མཐོའི་བཀོལ་སྤྱོད་ལ་སྐུལ་སྤེལ་བཅས་བྱས་ཏེ་བློ་ལྡན་གནམ་གཤིས་འཕེལ་རྒྱས་གཏོང་དགོས་པ་དང་། སྔོན་བརྡ་གཏོང་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་།
         གཉིས་ནི་དམངས་འཚོར་ཞབས་ཞུ་དང་འགན་སྲུང་བྱས་ནས་གནམ་གཤིས་ཀྱི་གནོད་འགོག་གནོད་སྐྱུང་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཚུད་ནས་ཉེན་བརྡ་དང་ཆ་འཕྲིན་ཁྱབ་སྤེལ་བྱ་ཐབས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ།
         གསུམ་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་དམིགས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གནམ་གཤིས་ཞབས་ཞུའི་སྤུས་རྟགས་འཛུགས་སྤེལ་དང་། གནམ་གཤིས་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ལ་སྐུལ་སྤེལ། མིའི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེར་གཏོང་བཅས་བྱས་ཏེ་སྐྱེ་ཁམས་གནམ་གཤིས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོངདགོས་པ།
         བཞི་ནི་ཞིང་ལས་ལ་ཞབས་འདེགས་ལེགས་པར་ཞུ་དགོས་ཤིང་། གནམ་གཤིས་ཞབས་ཞུ་ཡིས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འགན་སྲུང་བྱེད་པའི་ལག་བསྟར་བྱ་ཐབས་གཏན་འབེབས་དང་། ཞིང་གསུམ་ཆེད་དམིགས་གནམ་གཤིས་ཞབས་ཞུའི་གྲུབ་འབྲས་སྲ་བརྟན། གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་ཞུའི་ཁྱབ་ཁོངས་གསར་པ་དང་གསར་གཏོད་བྱ་ཐབས་གསར་པ་འཚོལ་ཞིབ་ཟམ་མ་ཆད་པར་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་གནམ་གཤིས་ཞབས་ཞུའི་འགན་སྲུང་མཁོ་འདོན་བྱེད་དགོས་པ། 
         ལྔ་ནི་སྒོ་འབྱེད་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དམག་དམངས་མཉམ་འདྲེས་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་ལ་འགན་སྲུང་བྱེད་དགོས། གནམ་གཤིས་ཐད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བོད་ལྗོངས་སུ་བཅའ་སྡོད་དམག་དཔུང་དང་གནམ་གཤིས་ལས་དོན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་པ་ང་། “ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་མོའི”རྒྱུད་ཀྱི་ས་ཁུལ་བར་གྱི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་གཙོ་གནད་འགག་སྒོ་དང་། མཐའ་མཚམས་གྲོང་རྡལ་ཆུང་གྲས་ཀྱི་ཡུལ་སྐོར་ལ་གནམ་གཤིས་ཞབས་ཞུ་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་གནམ་གཤིས་ཞབས་ཞུ་འཕེལ་རྒྱས་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།