འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ན་ནིང་མི་ཁྲི་1289སླར་ཡང་ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་དོན། 2017ལོར་རང་རྒྱལ་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལོ་གོང་མ་ལས་མི་ཁྲི་1289ཉུང་དུ་ཕྱིན་པ་དང་དབུལ་པོར་འགྱུར་ཚད་བརྒྱ་ཆའི་གྲངས་1.4ཆག་པ་དང་། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་རྒྱལ་ཡོངས་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ཧེ་བག་དང་བསྡུར་ན་སྔར་བས་ཆུང་དུ་ཕྱིན་ཡོད་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ས་ཁུལ་དང་སྡེ་ཚན་ཁག་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཐབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་པ་རེད། 2017ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་དུད་ཚང་ཁྲི་16གི་གྲོང་མིའི་ཁྱིམ་ཚང་ལ་དཔེ་འཐེན་བརྟག་དཔྱད་བྱས་པ་གཞིར་བཟུང་། ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་དབུལ་པོའི་ཚད་གཞི་ལྟར་རྩིས་བརྒྱབ་ཚེ། 2017ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ཁྲི་3046ཟིན་པ་དེ་2016ལོའི་ལོ་མཇུག་ལས་མི་ཁྲི་1289ཉུང་དུ་ཕྱིན་པ་དང་དབུལ་པོར་གྱུར་ཚད་3.1%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་1.4ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།