འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལས་སྟེགས་འཁོར་སྐྱོད་བྱེད་འགོ་ཚུགས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་སྤྱི་པའི་ཆ་འཕྲིན་ལས་སྟེགས་དང“ཀྲུང་གོ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས”ཀྱི་སྐད་འཕྲིན་སྤྱི་རྟགས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ལས་སྟེགས་དང་སྐད་འཕྲིན་སྤྱི་རྟགས་དེ་ཞིང་ལས་པུའུ་ཡིས་དབང་ཆ་སྤྲད་པ་བརྒྱུད། ཞིང་ལས་པུའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བ་དང་འཁོར་སྐྱོད་སྲུང་སྐྱོང་བྱས་པ་ཞིག་རེད། འཁོར་སྐྱོད་བྱེད་འགོ་ཚུགས་རྗེས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཧུར་ཐག་བྱས་ནས་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་དང་རིམ་སྤོར་བྱས་ཏེ་སྲིད་གཞུང་གི་ལྟ་སྐུལ་དོ་དམ་གྱི་ཞབས་ཞུའི་ལས་སྟེགས་ཤིག་དང་། བདེ་འཇགས་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་འགྲེམས་སྟོན་ལས་སྟེགས་ཤིག ཐོན་སྐྱེད་འཛད་སྤྱོད་ཀྱི་ལག་རྩལ་མཛུབ་ཁྲིད་ལས་སྟེགས་ཤིག གྲངས་གཞི་དང་ཆ་འཕྲིན་སྤེལ་རེས་ཀྱི་ལས་སྟེགས་ཤིག་བཅས་སུ་གཏོད་རྒྱུ་ཡིན་པ་རེད།
          རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་སྤྱི་པའི་ཆ་འཕྲིན་ལས་སྟེགས་ནི་སྲིད་གཞུང་དང་། ཁེ་ལས། སྤྱི་དམངས་བཅས་བྱེད་པོ་གཙོ་བོ་གསུམ་ལ་ཞབས་འདེགས་ཞུ་བའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཐབས་ལམ་གཙོ་བོ་དང་མཐོ་ས་གསར་པ་ཞིག་རེད། སྲིད་དོན་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་གྱི་བླང་བྱ་གཞིར་བཟུང་ལས་སྟེགས་ཀྱི་སྒྲོམ་གཞི་ནི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་ཁུངས་འདེད་ལས་སྟེགས་རྨང་གཞིར་བྱས་ནས་ད་ཡོད་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་འབྲེལ་ཡོད་ཆ་འཕྲིན་མ་ལག་13བསྡུ་སྒྲིལ་གཏིང་ཟབ་བྱེད་པ་དང་། དེའི་ལག་རྩལ་གྱི་ནུས་པའི་ཆ་འཕྲིན་འཚོལ་བཤེར་ཞབས་ཞུ་དང་། ལས་སྒོའི་མ་ལག་ལྟ་སྐུལ་ཚོད་འཛིན། རྨང་གཞིའི་གྲངས་གཞི་འཚོལ་བསྡུ་བརྗེ་རེས་དང་དེ་བཞིན་རྩ་མང་གི་སྙན་ཞུའི་རེའུ་མིག་དབྱེ་ཞིབ་སོགས་ལ་ཁྱབ་ཡོད་པ་རེད།
         “ཀྲུང་གོའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས”ཀྱི་སྐད་འཕྲིན་སྤྱི་རྟགས་ནི་སྲིད་དོན་དྲིལ་བསྒྲགས་དང་གླེང་མང་བའི་གནད་དོན་གསལ་འགྲེལ། སྤྱོད་མཁན་ལ་ཞབས་འདེགས་ཞུ་བའི་གལ་ཆེའི་སྟབས་བདེའི་དམངས་ཕན་ལས་སྟེགས་ཤིག་རེད། དེས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུ་གཙོ་བོར་བྱེད་པ་དང་སྤྱི་དམངས་ཀྱི་འདྲི་རྩད་དང་མཉམ་འགུལ་ནུས་པ་མཉམ་དུ་ལྡན་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།