འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་ཏུར་
    མིན་སི་ཐན་དུ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་31ནས་ཟླ་2ཚེས་2ཉིན་བར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལིང་རུང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་ཁྲིད་དེ་ཏུར་མིན་སི་ཐན་དུ་འཚམས་འདྲི་བྱས་པ་དང་ཏུར་མིན་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་དཔོན་གཅིག་ལྕོགས་མེ་ལིའེ་ཏུའོ་ཧྥུའུ་དང་དེ་བཞིན་སྲིད་ཏང་གི་འགོ་ཁྲིད་གཙོ་བོ་བཅས་སོ་སོར་ཐུག་འཕྲད་གནང་ཞིང་། ཏུར་མིན་སི་ཐན་གྱི་ལས་རིགས་ཁག་གི་མི་སྣར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གྱི་གླེང་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གཙོ་བོར་གཙོ་གནད་གསལ་འགྲེལ་བྱས་པ་རེད།
         ཏུར་མིན་སི་ཐན་ཕྱོགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དུས་རབས་ཀྱི་དོན་སྙིང་དང་འཛམ་གླིང་གི་དོན་སྙིང་ལ་གདེང་འཇོག་ཆེན་པོ་བྱས་ཏེ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་རྒྱ་ཆེ་དང་གཏིང་ཟབ་ཏུ་བཏང་ནས་ཏུར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་རྒྱུའི་རེ་བ་ཡོད་ལུགས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།