འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱི་མཐོ་རིམ་འཐུས་མི་ཚོགས་པས་ཧན་གོར་འཚམས་འདྲི་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་
    འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཁྲའོ་ཞན་གྱི་མཐོ་རིམ་འཐུས་མི་ཚོགས་པས་ཧན་གོར་འཚམས་འདྲི་བྱས་ཏེ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད།
         གནས་ཚུལ་སྤེལ་བའི་ནང་ཁྲའོ་ཞན་གྱི་མཐོ་རིམ་འཐུས་མི་ཚོགས་པས་ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཚོགས་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་གྱིས་ཚོགས་གཙོ་བྱས་པ་དང་། ད་ཐེངས་ཀྱི་ཡོང་དོན་ཡང“སྐབས་23པའི་དགུན་དུས་ཨོ་ལིམ་ཕིག་གི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར”ཞུགས་ཆེད་ཡིན་པ་རེད།
         ཟླ་1ཚེས་9ཉིན་ཧན་གོས་བན་མན་ཏན་དུ་མཐོ་རིམ་གྲོས་མོལ་བྱས་རྗེས་ཁྲའོ་ཞན་ཕྱོགས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་དང་ཕྱོགས་གཉིས་པོས་དམག་དོན་སྡེ་ཚན་གྱི་གྲོས་མོལ་སོགས་ཀྱི་དོན་ཚན་ཐད་ངོས་འཛིན་གཅིག་མཐུན་བྱུང་བའི་ཐུན་མོང་གི་གསལ་བསྒྲགས་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།