འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁུ་པར་
    སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་སྐབས་27པའི་ཧ་ཝ་ནའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་ཀྲུང་གོའི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱེད་སྒོའི་ཆེད་དོན་རིག་རྩལ་མཚན་ཚོགས་ཚེས་2ཉིན་ཨ་ལི་ཤིས་ཡ·ཨ་ལུང་སུའོ་ཟློས་གར་ཁང་དུ་འཚོགས་པ་རེད། ཀྲུང་གོའི་ཧྲན་ཏུང་སྒྱུ་རྩལ་ཚོགས་པས་འཁྲབ་པའི་ཞབས་བྲོས་ལྟད་མོ་བ་ཚོའི་མིག་དབང་ཅིག་ཅར་དུ་འཕྲོགས་པ་རེད།
         ལོ་གཅིག་དུས་གཅིག་གི་ཁུ་པའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་ཁུ་པ་བས་དགའ་ཤོས་བྱེད་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་རེད། འདི་ལོའི་དཔེ་དེབ་འགྲེམས་སྟོན་ལ་རྒྱལ་ཁབ་དང་ས་ཁུལ་41ཞུགས་པའི་ཡིད་དབང་བཀུག་ཡོད། སྐབས་དེའི་དཔེ་དེབ་འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྲུང་གོས་དཔེ་སྐྲུན་ཁང་60ལྷག་ཙམ་དང་མི་150ལྷག་ཙམ་ལས་གྲུབ་པའི་འཐུས་མི་ཚོགས་པ་མངགས་གཏོང་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།