འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲོང་
    གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་ བྱ་སྤྱོད་ཇུས་གཞི་》པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         《ཇུས་གཞིའི་》ནང་བཏོན་པའི་བྱ་སྤྱོད་དམིགས་ཚད་གཞིར་བཟུང་། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་ཚོའི་ཁོར་ཡུག་སྤྱིའི་ཆ་ནས་གཙང་སྦྲ་དོད་ལ་གོ་རིམ་དང་ལྡན་པ་དང་གྲོང་མིའི་ཁོར་ཡུག་དང་བདེ་ཐང་གི་འདུ་ཤེས་སྤྱིར་ན་ཟབ་ཏུ་འགྲོ་རྒྱུ་ཡིན་པ་རེད།
         ཤར་རྒྱུད་ས་ཁུལ་དང་དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་གྱི་གྲོང་འདབས་སོགས་རྨང་གཞི་ལེགས་པ་དང་ཆ་རྐྱེན་ཚང་བའི་ས་ཁུལ་གྱི་མི་སྡོད་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་མ་ལག་ཁྱོན་ཡོངས་ལ་ཁྱབ་རྒྱུ་རྩ་བའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། གྲོང་དུད་ཀྱི་གསང་སྤྱོད་གནོད་མེད་རང་བཞིན་གྱི་སྒྱུར་བཀོད་རྩ་བའི་ཆ་ནས་ལེགས་སྒྲུབ་བྱ་རྒྱུ། གསང་སྤྱོད་ཀྱི་བཙོག་གཅིན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་པའམ་ཡང་ན་ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་བྱ་རྒྱུ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ། དོ་དམ་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཐོག་མར་འཛུགས་རྒྱུ་བཅས་རེད།
         དབུས་ནུབ་རྒྱུད་ཀྱི་རྨང་གཞི་ལེགས་པ་དང་ཆ་རྐྱེན་ཚང་བའི་ས་ཁུལ་གྱི་མི་སྡོད་ཁོར་ཡུག་སྤུས་ཚད་ཅུང་མཐོ་རུ་བཏང་ནས་གྲོང་ཚོ་90%ཡས་མས་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་ཐུབ་རྒྱུ་དོན་གཉེར་བྱ་རྒྱུ་དང་། འཕྲོད་བསྟེན་ལྡན་པའི་གསང་སྤྱོད་ཁྱབ་ཚད་85%ཡས་མས་ཟིན་པ་བྱ་རྒྱུ། འཚོ་བའི་བཙོག་ཆུ་གང་བྱུང་དུ་འབུད་པར་དོ་དམ་ཚོད་འཛིན་བྱ་རྒྱུ། གྲོང་ཚོའི་ནང་གི་བགྲོད་ལམ་ཤར་བགྲོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་བཅས་རེད།
         ཐག་རིང་ལུང་ཁུག་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་ཞིང་པའི་གཞི་རྩའི་འཚོ་བའི་ཆ་རྐྱེན་སྔོན་ལ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་མི་སྡོད་ཁོར་ཡུག་གཙང་ལ་གྲལ་སྒྲིག་པའི་གཞི་རྩའི་བླང་བྱ་མངོན་འགྱུར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།