འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལོ་འཁོར་གྱི"ཀུན་གྱིས་དགའ་པོ་བྱེད་པའི་དཔེ་དེབ་50"དངོས་སུ་ཡོངས་
    བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན། 2017ལོའི་ལོ་འཁོར་གྱི“ཀུན་གྱིས་དགའ་པོ་བྱེད་པའི་དཔེ་དེབ་50”ཡི་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་དམངས་ཡོངས་ལྟ་ཀློག་བྱེད་སྒོ་སྒྲིག་འཛུགས་མཐུན་སྦྱོར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་དྲ་ཚིགས་འགའ་ཤས་ཞུགས་པའི་2017ལོའི་ལོ་འཁོར་གྱི“ཀུན་གྱིས་དགའ་པོ་བྱེད་པའི་དཔེ་དེབ་50”ཡི་འོས་སྦྱོར་བྱེད་སྒོའི་ནང་ཚུད་པའི་དཔེ་དེབ་དངོས་སུ་ཡོངས་བསྒྲགས་བྱས་ཤིང་། དེའི་ནང་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གཉིས་པ་དང་། 《ཞི་ཅིན་ཕིང་གི་བགྲང་བྱ་བདུན་གྱི་གཞོན་ནུ་ཤེས་ཡོན་ཅན་གནང་རིང་གི་ལོ་ཟླ》 《རླབས་ཆེན་ལའང་རྒྱུས་ལོན་མཁན་ཞིག་དགོས། དམིགས་ཚད་ཆུང་ངུ་ནས་ཆེ་བའི་བར་ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་བ་དུ་མ་སྤྱད་ནས་ཡོང་ཡོད》 《གསར་བརྗེའི་ཁྱིམ་ཡིག》 《གྱེར་འདོན་པ》 《པུའུ་ལོའོ་གྲོང་རྡལ་གྱི་སྦྲག་སྐྱེལ་པ》སོགས་དཔེ་དེབ་50ཚུད་ཡོད་པ་རེད།
          ད་ཐེངས་ཀྱི་བྱེད་སྒོར་སྤྱི་ཚོགས་ཞུགས་པའི་སྤྲོ་སེམས་སྔོན་དཔག་ལས་ལྷག་པ་དང་དྲ་ཐོག་ནས་འདེམས་ཤོག་འཕེན་མཁན་གྱི་ཀློག་པ་པོ་མི་ཐེངས་ཁྲི་3200ཡོད་པ་རེད། བྱེད་སྒོའི་ནང་ཚུད་པའི་དཔེ་དེབ་གྲས་སུ་རིག་གནས་རིགས་10དང་། རིག་གཞུང་རིགས་15 འཚོ་བ་དང་ཚན་རིག་ཁྱབ་གདལ་རིགས་10 བྱིས་པའི་རིགས་15བཅས་ཡོད་པ་རེད། སྤྱི་ཁྱབ་ཅུས་དཔེ་སྐྲུན་དོ་དམ་སིའི་སི་ཀྲང་གཞོན་པ་ཞུས་ཀྲེང་མིང་གིས་དཔེ་དེབ་འདི་དག་གཙོ་གནད་འབུར་དུ་ཐོན་པ་དང་། བཀྲག་མདངས་འཚེར་ས་མངོན་གསལ་དོད་པ། གྲུབ་ཆ་ལུགས་དང་མཐུན་པ། རིགས་སྣ་ཕུན་སུམ་ཚོགས་པ་བཅས་ཡོད་པས་ལོ་ན་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཀློག་པ་པོའི་ལྟ་ཀློག་གི་དགོས་མཁོ་བསྐངས་ཡོད་ཅེས་ངོ་སྤྲོད་བྱས་་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།