འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་བསྡུ་སྒྲིལ་མ་དངུལ་སྒོར་དུང་ཕྱུར་
    1000གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་རྒྱ་མཚོ་ཅུས་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་《ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་ཏེ་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་ཞབས་ཞུའི་མ་ལག་བཙུགས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱ་མཚོའི་དཔལ་འབྱོར་ཁྱབ་ཁོངས་ལ་སྒོར་དུང་ཕྱུར་1000ཙམ་གྱི་འདོད་འདུན་རང་བཞིན་གྱི་བསྡུ་སྒྲིལ་མ་དངུལ་རྒྱབ་སྐྱོར་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་བཏོན་པ་རེད།
         ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་དེང་རབས་ཀྱི་ཉ་ལས་འཕེལ་རྒྱས་དང་། རྒྱ་མཚོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། རྒྱ་མཚོའི་ཞབས་ཞུའི་ལས་རིགས་དང་སྤྱི་པའི་ཞབས་ཞུའི་མ་ལག་རྒྱ་སྐྱེད་དང་མཐོར་གཏོང་། རྒྱ་མཚོའི་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས། རྒྱ་མཚོ་དང་འབྲེལ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད།
        ལག་བསྟར་བསམ་འཆར་ནང་། སྐྱེད་ཀ་གཏན་འཁེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་བུན་དུས་བཀག་བཟོ་རྒྱུ་ལེགས་སུ་བཏང་སྟེ་དངུལ་བུན་གཡར་བའི་རྣམ་པ་གསར་གཏོད་དང་ཉེན་ཁ་གུན་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་རྒྱ་མཚོའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།