འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"ས་མཐོའི་འོ་མ་ལྟེ་གནས"འཛུགས་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།'ས་མཐོའི་འོ་མ་ལྟེ་གནས'འཛུགས་སྐྲུན་བྱས་པ།
         མི་དམངས་དྲ་བའི་འཕྲིན། "ས་མཐོའི་འོ་མ་ལྟེ་གནས"འཛུགས་སྐྲུན་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀར་ཆུ་ལས་རིགས་ལ་བརྟེན་ནས་དབུལ་སྒྲོལ་བྱེད་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་མེང་ཉིའུ་ཚོགས་པས་ན་ནིང་ཟླ་བ་6པར་དཀར་ཆུ་ལས་རིགས་མཉམ་ལས་འཕེལ་རྒྱས་གཏོང་བའི་གྲོས་མཐུན་བཞག་ནས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཀྲི་ཀྲའོ་ཐོན་ལས་གླིང་ནང་ཁྲེང་ཀོན་ཆུས་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན་བྱས་པ་རེད།
         རྒྱུས་ལོན་བྱུང་ཚུལ་ལྟར་ན། མིག་སྔར། རྣམ་གྲངས་དེའི་ལས་དུས་དང་པོའི་ལས་གཞི་90%ལེགས་འགྲུབ་བྱས་ཟིན་པ་དང་། སྒྲིག་ཆས་ཉོ་སྒྲུབ་ཀྱང་དུས་མཉམ་དུ་ལེགས་འགྲུབ་བྱས་པ་མ་ཟད། འོ་མའི་ཚོང་རྟགས་6ཀྱང་ཐོ་འགོད་བྱས་ཡོད་པས། སྔོན་དཔག་བྱས་ན་ཟླ་བ་རྗེས་མར་ཐོན་སྐྱེད་བྱེད་འགོ་འཛུགས་ཐུབ་ཀྱི་རེད། གོང་གི་པར་རིས་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་འོ་མ་ཉོ་བཞིན་པ།
    ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཚད་གཞི་མཐོ་བའི་བཞོན་མ་གསོ་སྤེལ་ལྟེ་གནས་ནང་གི་བཞོན་མ་རེད།
    ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཚད་གཞི་མཐོ་བའི་བཞོན་མ་གསོ་སྤེལ་ལྟེ་གནས་ནང་གི་བཞོན་མ་རེད།
      

    ཕྱོགས་བསྡུས་གསར་འགྱུར།