འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཐབས་འདོན་ཇུས་འདོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འབད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྲིད་གྲོས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་འཚོག་ཡུལ།
    སྲིད་གྲོས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་འཚོག་ཡུལ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ཟླ་1ཚེས་23ཉིན་གྱི་ཕྱི་དྲོར་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཚོགས་འདུའི་རིང་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན་ཚོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱེད་པ་དང་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།
    སྲིད་གྲོས་ཨུ་ཡོན་ཚོས་ཚོགས་འདུའི་ནང་དོན་ལ་ནན་ཏན་ངང་ཉན་པ།
    སྲིད་གྲོས་ཨུ་ཡོན་ཚོས་ཚོགས་འདུའི་ནང་དོན་ལ་ནན་ཏན་ངང་ཉན་པ།
      

    ཕྱོགས་བསྡུས་གསར་འགྱུར།