འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་གྱི་ཕྱོགས་གཉིས་པོའི་འཐུས་མིའི་མིང་ཐོ་གཏན་
    འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན། ཧན་གོ་གཅིག་གྱུར་པུས་ཁྲའོ་ཞན་ཕྱོགས་ཀྱིས་ཧན་གོ་ཕྱོགས་ལ་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་ནང་ཞུགས་མཁན་འཐུས་མི་ཚོགས་པའི་ཁོངས་མིའི་མིང་ཐོ་བརྡ་ཁྱབ་བཏང་ཡོད་ཅེས་བཤད་པ་རེད། ཉིན་གོང་མར་ཧན་གོ་སྲིད་གཞུང་གིས་ཁྲའོ་ཞན་ཕྱོགས་ལ་ཧན་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པའི་ཁོངས་མིའི་མིང་ཐོ་བརྡ་ཁྱབ་བཏང་བ་རེད།
         ཧན་གོའི་སྨྱན་སྦྱོར་གྱིས་གཅིག་གྱུར་པུའི་དཔོན་རིགས་ཀྱིས་བཤད་པའི་གནས་ཚུལ་དྲངས་པར་གཞིགས་ན། ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་ནང་ཞུགས་མཁན་ཁྲའོ་ཞན་ཕྱོགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ནི་ཁྲའོ་ཞན་མེས་རྒྱལ་ཞི་བའི་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཧྲན་ཆོན་ཡིན་པ་རེད། གཞན་ཡང་ཁྲའོ་ཞན་ཕྱོགས་ཀྱི་འཐུས་མི་ཚོགས་པའི་ཁོངས་མིའི་གྲས་སུ་ད་དུང་མེས་རྒྱལ་ཞི་བའི་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། ལུས་རྩལ་ཧྲེང་གི་བློན་ཆེན་གཞོན་པ། མེས་རྒྱལ་ཞི་བའི་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་། མི་རིགས་ཨོ་ལིམ་ཕིག་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་མི་4ཚུད་ཡོད་པ་རེད།
         ཧན་གོ་ཕྱོགས་ཀྱིས་མངགས་གཏོང་བྱས་པའི་འཐུས་མི་ཚོགས་པའི་ཚོགས་གཙོ་ནི་གཅིག་གྱུར་པུའི་དཔོན་རིགས་ཀྲའོ་མིང་ཅུན་ཡིན་པ་རེད། གཞན་ཡང་འཐུས་མི་ཚོགས་པའི་ཁོངས་མིའི་གྲས་སུ་ད་དུང་གཅིག་གྱུར་པུའི་དཔོན་རིགས་གཞོན་པ་དང་། རིག་གནས་ལུས་རྩལ་ལྟ་སྐོར་པུའི་དཔོན་རིགས་གཞོན་པ་ཨང་གཉིས་པ། རྒྱལ་དོན་ཙུང་ལི་ཁང་གི་གྲོས་ཞིབ་དཔོན། ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དེ་བཞིན་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་ཁེ་ལས་འཆར་འགོད་ལས་དོན་གྱི་དཔོན་རིགས་གཞོན་པ་སོགས་མི་4ཚུད་ཡོད་པ་རེད།
         ཚེས་2ཉིན་ཧན་གོ་སྲིད་གཞུང་གིས་ཁྲའོ་ཞན་ཕྱོགས་ལ་བཏོན་པའི་གྲོས་འགོ་ཚེས་9ཉིན་བན་མན་ཏན་དུ་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་བྱས་ནས་ཁྲའོ་ཞན་ཕྱོགས་ཀྱི་འཐུས་མི་ཚོགས་པ་ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པ་དང་ལྷོ་བྱང་གི་འབྲེལ་བ་ལེགས་སུ་གཏོང་རྒྱུ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་རེད། ཚེས་5ཉིན་ཧན་གོ་གཅིག་གྱུར་པུས་གཏན་འཁེལ་བྱས་པར། ཁྲའོ་ཞན་གྱིས་ཚེས་9ཉིན་བན་མན་ཏན་གྱི་ཧན་གོ་ཕྱོགས་ཀྱི“ཞི་བདེའི་ཁྱིམ་གཞིས”ཀྱི་གཞོགས་གཅིག་ཏུ་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
         ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་འདི་ལོའི་ཟླ་1ཚེས་1ཉིན་ལོ་གསར་གྱི་ཤིས་ཚིག་གསུང་སྐབས། ཁྲའོ་ཞན་གྱིས་འཐུས་མི་ཚོགས་པ་འཚོག་ཉེར་ཡོད་པའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གཏོང་འདོད་ཡོད་པས། ལྷོ་བྱང་དབང་འཛིན་ལས་ཁུངས་ཀྱིས་གནས་ཚུལ་དེར་བརྟེན་ནས་ཛ་དྲག་གི་གྲོས་མོལ་བྱེད་ཆོག་ཅེས་བཤད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།