འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀེ་རི་སེའི་རིགས་གཅིག་མཁས་ཅན་གྱིས་སྒྱུར་བཅོས་ལས་ཀྲུང་གོ་འདི་ཉིད་མུ་མཐུད་འཛམ་
    གླིང་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རེད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀེ་རི་སེའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁང་སི་ཏན་ཏིང་ནའོ་སི·ཕེ་ལི་སིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་དུས་རབས་གསར་པར་སླེབས་པ་དང་སྒྱུར་བཅོས་གསར་གཏོད་ཀྱིས་ཀྲུང་གོ་འདི་ཉིད་འཛམ་གླིང་འཕེལ་རྒྱས་ཀྱི་མདུན་གྲལ་དུ་མུ་མཐུད་སླེབས་རྒྱུ་རེད་ཅེས་བཤད།
         ཕེ་ལི་སིས་ཀྲུང་གོས་2017ལོར་བཟོས་པའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་གཞིས་མི་སེམས་ལ་སྐུལ་མ་ཐེབས་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོར་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་ཡོད་ཅེས་བཤད།
         ཕེ་ལི་སིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཏོན་པའི་བྱེད་ཐབས་རབ་དང་རིམ་པས་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་དེ་བས་བཟང་སྒྲིག་དང་དཔལ་འབྱོར་གྱི་རྨང་གཞི་དེ་བས་བརྟན་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཕེ་ལི་སིས་ཀྲུང་གོའི་ངོས་ནས་བརྗོད་ན་འགྲན་སློང་ཆེ་ཤོས་ཤིག་ནི་གང་འདྲ་བྱས་ཏེ་སྒོ་འབྱེད་དང་སྲིད་གཞུང་གི་ནུས་པ་གྲུབ་འབྲས་ཐོབ་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་གོ་སྐབས་དམ་འཛིན་ཡག་པོ་བྱ་རྒྱུ་དང་རྒྱལ་ནང་གི་གཉོད་ཆུང་ཚོགས་སྤྱིར་འགན་ལེན་མ་ལག་བསྐྲུན་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།