འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཁུལ་གྱིས་རོགས་སྐྱོབ་བྱ་ཡུལ་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་དང་པོ་ཤར་ཚུན། ལི་ཐང་རྫོང་དུ་གངས་ཆེན་པོ་བབས་རུང་མཐོ་གྲོང་གྲོང་རྡལ་སྡེ་སྐྱིད་གྲོང་ཚོའི་གྲོང་མི་རྒྱ་མཚོའི་སེམས་དྲོད་སོབ་སོབ་ཏུ་གྱུར། གང་ལགས་ཤེ་ན། རྫོང་གིས་གཉེར་བའི་2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི་འདྲི་རྩད་དང་འཚམས་འདྲིའི་བྱེད་སྒོའི་དངོས་ཟོག་སྤྲོད་པའི་མཛད་སྒོའི་ཐོག་ཁོང་ལ་འབྲས་སོགས་དངོས་ཟོག་རག་པས་རེད།
         ལི་ཐང་རྫོང་གི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཉིས་སྟོང་ལྷག་ཙམ་ལ་དགུན་སྒྲོལ་དངོས་ཟོག་རག་ཡོད། དགུན་ཁ་མ་ཤར་གོང་། འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་དང་དེ་བཞིན་ཉམས་ཞན་ཚོགས་སྤྱིར་དགུན་སྒྲོལ་བཀོད་སྒྲིག་ཡག་པོ་བྱ་ཆེད། རྫོང་སྲིད་གཞུང་གིས་གེ་སར་ཐང་ཆེན་དུ་རྫོང་ཡོངས་ཀྱི་2017ལོའི་དབུལ་སྒྲོལ་གྲོང་ཚོ་དང་དབུལ་སྒྲོལ་ཁྱིམ་ཚང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི“མེད་པ་གསུམ”གྱི་མི་སྣ། འགན་ལེན་ལྔའི་དུད་ཚང་། ནད་གཞི་ལྕི་པོ་ཕོག་མཁན། དམིགས་བསལ་དཀའ་ངལ་ཡོད་པའི་དགེ་འདུན་པ། སྔོན་གཤེགས་དཔའ་བོའི་ནང་མི་སོགས་ལ་འབྲས་དང་། གྲོ་ཞིབ། སྣུམ། ཕོ་ཁེབས་སོགས་ཀྱི་དངོས་ཟོག་སྤྲད་པ་རེད། གསེར་རྟ་རྫོང་གིས་འདྲི་རྩད་དང་འཚམས་འདྲི་བྱེད་རིང་། འཚམས་འདྲིའི་དངུལ་དང་དངུལ་ཟོག་སྤྲད་པ་དག་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་དང་། དབང་པོ་སྐྱོན་ཅན་དབུལ་པོ། རྒན་གྲས་གསུམ་གྱི་ལས་བྱེད་པ། ཏང་ཡོན་དབུལ་པོ། ལས་བྲལ་ལམ་ཡང་ན་འཚོ་བར་དཀའ་ངལ་ཡོད་པའི་ལས་འཁྱུར་ལས་བྱེད་པ་སོགས་ཀྱི་ཚོགས་སྤྱིར་ཁྱབ་ཡོད་པ་རེད།
         དཀར་མཛེས་ཁུལ་དམངས་སྲིད་ཅུས་ཀྱི་འགན་འཁུར་བས་2018ལོའི་དཔྱིད་གསར་དུས་ཆེན་གོང་གེགས་བར་བྱུང་ནས་གཏོར་སྐྱོན་ཤོར་བའི་ཁང་པ་བསྐྱར་སྐྲུན་དང་ཉམས་གསོ་མ་ཐུབ་པ་རྣམས་དགའ་ཉེ་སྤུན་མཆེད་སར་སྐྱོད་པ་དང་། སྤྱི་པའི་ཁང་པ་གཡར་བ། གུར་ཕུབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐབས་འཕྲལ་གྱི་སྡོད་གནས་གནད་དོན་ཐག་གཅོད་འོས་འཚམ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ལ་ཆ་མཚོན་ན། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་གསར་པ་གཞིར་བཟུང་། མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་2600སྔོན་ལ་སྤྲད་པས་དཔྱིད་གསར་དུས་ཆེན་གོང་2018ལོའི་དུས་ཚིགས་དང་པོའི་མ་མཐའི་འཚོ་བའི་འགན་ལེན་དངུལ་ཚང་མ་དོན་འཁྱོལ་བྱས་ཟིན། ཐོལ་བྱུང་དོན་རྐྱེན་དང་། རྐྱེན་ངན་བར་ཆད། ནད་ཡམས་ཚབས་ཆེན་སོགས་ཀྱི་དམིགས་བསལ་རྒྱུ་རྐྱེན་ཕྲད་ནས་གཞི་རྩའི་འཚོ་བར་སྐབས་འཕྲལ་གྱི་དཀའ་ངལ་བྱུང་བའི་ཁྱིམ་ཚང་དང་མི་སྒེར་ལ་སྐབས་འཕྲལ་ཀྱི་རོགས་སྐྱོབ་བྱས་ཡོད་པ་རེད། མིག་སྔར། ཁག་དང་པོའི་དགུན་དཔྱིད་གཉིས་ཀྱི་འཚོ་བའི་རོགས་སྐྱོབ་མ་དངུལ་སྒོར་ཁྲི་1100ལྷག་ཙམ་སྤྲད་ཟིན་ཞེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།