༄༅།།ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་དགུན་རྐྱལ་ལ་དགའ་མཁན་གྱི"རྨ་ཆུར་བཅངས་
པའི་བརྩེ་སེམས"མངོན།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 01ཚེས་09ཉིན། 10:57】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་དགུན་རྐྱལ་ལ་དགའ་མཁན་གྱི“རྨ་ཆུར་བཅངས་པའི་བརྩེ་སེམས”མངོན།“འདི་ནི་ཧ་ཅང་དཀའ་ཚད་ཆེ་བའི་འགྲན་བསྡུར་ཞིག་རེད། གང་ལགས་ཤེ་ན། འགྲན་བསྡུར་གྱི་བར་ཐག་སྨི་500ལས་མེད་རུང་། གྲང་ངར་ཆེ་བའི་དགུན་དུས་སུ་རྨ་ཆུ་མྱུར་བརྒལ་གྱི་འགྲན་བསྡུར་ནི་ལས་སླ་མོ་ཞིག་གཏན་ནས་མིན། འདི་ནི་ལུས་སེམས་གཉིས་ཀའི་ཚོད་བགམ་ཆེན་པོ་ཞིག་རེད”ཅེས་ཁྱིམ་རྨ་ཆུའི་འགྲམ་དུ་ཆགས་པའི་ཝང་ལིན་ཧུའུ་ཡིས་བཤད།
ཚེས་7ཉིན། སྐབས་བརྒྱད་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི(དགུན་དུས)རྨ་ཆུ་མྱུར་བརྒལ་གྱི་མཐར་སོན་འགྲན་སློང་གི་རྩེར་སོན་འགྲན་བསྡུར་གྱི་མཐའ་བསྡུར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བྱས་པ་རེད།
ལོ་44ལ་སླེབས་པའི་ཝང་ལིན་ཧུའུ་ཡི་ཁྱིམ་ཀན་སུའུ་ཞིང་ཆེན་ཡུང་ཅིང་རྫོང་ལིའུ་ཅ་ལུང་ཤུར་དུ་གནས་ཤིང་། ཁོང་གིས་གསར་འགོད་པར་ང་སྡོད་ས་ནས་རྨ་ཆུའི་བར་བར་ཐག་སྨི་100ཡང་ཟིན་གྱི་མེད། “དུས་རྒྱུན་ང་ཚོར་ཁོམ་པ་ཡོད་དུས་རྨ་ཆུར་ཆུ་རྐྱལ་རྒྱག་པར་འགྲོ་གི་ཡོད། དེ་རིང‘ཀྲུང་གོའི་རྨ་ཆུའི་ཁྲི་ཀ་དྭངས’ཞེས་པའི་མཚན་སྙན་ལྡན་པའི་ཁྲི་ཀ་རྫོང་དུ་འགྲན་བསྡུར་ལ་ཞུགས་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
ཁྲི་ཀ་རྫོང་རྨ་ཆུའི་འགྲམ་དུ་ཆགས་པ་དང་རི་ཚོགས་ཀྱིས་བསྐོར་ཡོད། རྫོང་གྲོང་གི་ཆ་སྙོམས་ས་བབ་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་ལས་དམའ་བ་དང་འགྲན་བསྡུར་བྱ་ཡུལ་གྱི་ས་བབ་སྨི་2200ལྷག་ཙམ་ཡོད། ས་མཐོའི་བརྗིད་ཆགས་ཤིང་ཁོད་ཡངས་པ་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ལས་ཁྲི་ཀ་རྫོང་ལ“ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་སྲོལ་ཡོད། ལོ་ལྟར་གྱི་དགུན་དུས་སུ་དེ་གར་སྤེལ་བའི་རྨ་ཆུ་མྱུར་བརྒལ་གྱི་འགྲན་བསྡུར་གྱིས་འཛམ་གླིང་གི་དགུན་རྐྱལ་ལ་དགའ་པོ་བྱེད་མཁན་ཚོའི་ཡིད་དབང་བཀུག་ཡོད། སྐབས་འདིའི་འགྲན་ཞུགས་ཀྱི་བདམས་ཐོན་པ་57ཚང་མ་ཧྥ་རན་སེ་དང་། ཨུ་རུ་སུ། དབྱིན་ཇི་སོགས་རྒྱལ་ཁབ་དང་ས་ཁུལ་12ནས་རེད།
གསར་འགོད་པར་སྒྲིག་འཛུགས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་འགྲན་དོན་ཆ་འཕྲིན་འགྲེམས་པང་ནས་ཤེས་རྟོགས་བྱུང་བར། འགྲན་བསྡུར་བྱེད་པའི་ཉིན་མོར་རྨ་ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ་6.3ཡིན་པ་དང་། ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་650རེད། ལོ་36ལ་སླེབས་པའི་མའེ་ཁེར·པུའུ་སི་ཁེ་སི་ལོ་ཝུན་ཉི་ཡ་ནས་ཡིན་པ་དང་ཁོང་གིས་འགྲན་བསྡུར་དེར་འགྲན་སློང་གིས་ཁེངས་མོད། འོན་ཀྱང་ཆུ་རྐྱལ་ལ་དགའ་བས་འགྲན་བསྡུར་ལ་ཐེངས་མང་ཞུགས་པ་ཡིན་ཞེས་བཤད།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཆུ་རྐྱལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཡོན་ཅ་ཝེ་ཡིས་ད་ཕན་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པའི་འདུ་ཤེས་ལུས་རྩལ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ལ་བཞག་སྟེ་ཐུན་མིན་གྱི་ཆུ་ཐོག་ལུས་རྩལ་སྤུས་རྟགས་ཤིག་བཏོད་པས། རྒྱལ་ཡོངས་ཀྱི་ཡོངས་བསྒྲགས་ཆུ་ཁོངས་ཆུ་རྐྱལ་ལུས་རྩལ་གྱི་བཀྲག་མདངས་འཚེར་སའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད་ཅེས་བཤད།