འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གྲོང་གསེབ་གློག་དྲས་གློག་གཏོང་ཚད་99.70%ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱི་གྲོང་གསེབ་གློག་དྲའི་ས་ཚིགས་མང་ཞིང་ཁྱབ་རྒྱ་ཆེ་བས་ཁྱབ་ཚད་སྤྱི་ལེ་ངོས་གྲུ་ཁྲི་68.4ཟིན་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་གྱི་95%ཟིན་ཡོད། 2017ལོར། མཚོ་སྔོན་གྱི་གྲོང་གསེབ་གློག་དྲས་གློག་གཏོང་ཚད་99.70%ཟིན་ནས་ཆ་སྙོམས་དུད་ཚང་རེའི་ལོ་རེའི་གློག་ཆད་ཡུན་ཆུ་ཚོད་25.9བར་ཐུང་དུ་ཕྱིན་ཡོད།
         “ལོ་ཤས་གོང་། ཡུལ་ཤུལ་ཁུལ་ཡོངས་དང་། མགོ་ལོག་གི་པད་མ་དང་། གཅིག་སྒྲིལ། རྨ་སྟོད་བཅས་རྫོང་གསུམ་ལ་ས་གནས་ཁེ་ལས་ཀྱིས་དོ་དམ་བྱེད་ཀྱི་ཡོད་པས། གློག་མཁོ་འདོན་ནུས་པ་དང་། གློག་འདོན་ཁྱབ་ཚད། འཁོར་རྒྱུག་ཕན་འབྲས་བཅས་ཆུང་བ་དང”ས་གནས་དེ་གའི་ཁེ་ལས་ལ་མ་རྩ་ཆེན་པོ་མེད་རྐྱེན། གློག་དྲ་སྒྱུར་བཀོད་ཀྱང་ཡུན་རིང་བྱེད་ཐུབ་མེད། དུས་ཡུན་རིང་པོར། ས་ཁུལ་དེ་དག་ཏུ་དུས་མཚམས་དང་ས་ཁོངས་ཕྱེ་ནས་གློག་མཁོ་འདོན་བྱེད་ཀྱི་ཡོད་པས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཐེབས་ཡོད་ཅེས་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ནུས་རྒྱུ་ཁྲུའུ་དང་པོའི་ཁྲུའུ་ཀྲང་གཞོན་པ་དབྱང་ཅུན་ཞུའེ་ཡིས་ངོ་སྤྲོད་བྱས།
         “ཁེ་ལས་ལ་མཚོན་ན། གློག་སྐུད་ནི་སྲོག་རྩ་ལྟ་བུ་རེད” གློག་བརྟན་པོ་མེད་ཚེ། ཁེ་ལས་ཡར་རྒྱས་འགྲོ་ཐབས་མེད། “འཕེལ་རྒྱས་གཏོང་མ་ཕོད་པ་ལས་འཕེལ་རྒྱས་གཏོང་འདོད་མེད་པ་མིན” འཁྱག་ཁང་གཅིག་དང་བཤས་འཁོར་གཅིག་ལས་མེད་པས་ཉིན་རེར་མང་ཤོས་ལ་གཡག་30ལས་བཤའ་ཐུབ་ཀྱི་མེད་པས། མངགས་ཐོ་ཆེན་པོ་འབྱོར་ཡང་ལེན་མི་ཕོད། “དངོས་གནས་བཤད་ན། གློག་དྲ་རིམ་པ་མ་སྤར་གོང་། ང་ཚོའི་བཟོ་གྲྭར་ལོ་རེར་སྒོར་ཁྲི་60ཙམ་གྱི་གྱོང་གུན་ཕོག་གི་འདུག”ཅེས་མཚོ་སྔོན་གཅིག་སྒྲིལ་རྫོང་མཚོ་སྔོན་ནུབ་རྒྱུད་འབྲོག་ལས་ཐོན་རྫས་ལས་དོན་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་ལིའུ་སི་ཅུན་གྱིས་ངོ་སྤྲོད་བྱས།
         2015ལོའི་ལོ་མཇུག་ཏུ། ཡུལ་ཤུལ་ཁུལ་གྱི་གྲོང་ཁྱེར་དང་རྫོང་ཁག་མཚོ་སྔོན་གློག་དྲ་དང་སྦྲེལ་མཐུད་བྱས་པ་དང་། 2016ལོའི་ལོ་མཇུག་ཏུ། མགོ་ལོག་གི་པད་མ་དང་། གཅིག་སྒྲིལ། རྨ་སྟོད་བཅས་རྫོང་གསུམ་པོ་ཡང་མཚོ་སྔོན་གློག་དྲ་དང་སྦྲེལ་མཐུད་བྱས་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཡོངས་སུ་ཁྱབ་པ་དང་ཆབས་ཅིག “གློག་དྲའི་མ་རྩ་དང་དོ་དམ་པ་ཁག་གཅིག་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཁོངས་སུ་བསྒྱུར་ནས་གློག་དྲའི་དོ་དམ་སྒྲིག་སྲོལ་ལེགས་སུ་བཏང་སྟེ། གློག་དྲ་འཕེལ་རྒྱས་ལ་མ་དངུལ་དང་། ལག་རྩལ། དོ་དམ་བཅས་ཀྱི་འགན་ལེན་མཁོ་འདོན་བྱས་པ་དང” མིག་སྔར། ཡུལ་ཤུལ་དང་མགོ་ལོག་སོགས་བོད་རིགས་ས་ཁུལ་གྱི་གློག་དྲ་ཁྱོན་ཡོངས་ནས་སྒྱུར་བཀོད་རིམ་སྤོར་བྱས་ཟིན་‍པ་དང་། རྫོང་རིམ་པའི་གློག་འདོན་ཁེ་ལས་ཀྱིས་དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་གཞི་རྩའི་ཆ་ནས་བཟོས་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། “‘གློག་གནོན་དམའ་བ’སོགས་ཀྱི་གནད་དོན་རྦད་དེ་ཐག་གཅོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར། ཞིང་ལས་དེང་རབས་ཅན། མཛེས་སྡུག་ལྡན་པའི་གྲོང་གསེབ་སོགས་དམངས་འཚོའི་འདུ་འགོད་ཀྱི་གློག་མཁོ་འདོན་འགན་ལེན་ཡག་པོ་བྱ་རྒྱུ་ཡིན” 2020ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་དུ་གཞི་རྩའི་ཆ་ནས་གློག་བརྟན་པོའི་ངང་མཁོ་འདོན་ཐུབ་རྒྱུ་ཡིན་པ་དང་། གློག་འདོན་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་གྲོང་གསེབ་ཏུ་གློག་དྲས་གློག་བརྟན་པོའི་ངང་གཏོང་ཚད་99.8%ཟིན་ཏེ། གྲོང་ཁྱེར(ཁུལ)རུ་ཆན་ཧྥུའུ་330དང་ཡང་ན་དེའི་ཡན་གྱི་གློག་དྲ་སྦྲེལ་མཐུད་བྱ་རྒྱུ་དང་། རྫོང་རིམ་པར་ཆན་ཧྥུའུ་110དང་ཡང་ན་དེ་མན་གྱི་གློག་དྲ་ཡོངས་སུ་ཁྱབ་རྒྱུ་རེད་ཅེས་དབྱང་ཅུན་ཞུའེ་ཡིས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།