འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་དྲག་ཆས་པས་ཧྥི་ལི་ཕིན་གྱི་ལྷོ་རྒྱུད་
    དུ་དམག་འཐབ་བྱས་ནས་མི་10གྲོངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་ཧྥི་ལི་ཕིན་དམག་ཕྱོགས་ཀྱིས་བདེན་དཔང་བྱས་པ་སྟེ། ཚེས་6ཉིན་གྱི་དགོང་མོར་ལྷོ་རྒྱུད་མཱ་ཅིང་ར་ནའོ(Maguindanao)མངའ་སྡེར་ཧྥི་ལི་ཕིན་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་དྲག་ཆས་པ"པང་སཱ་མོ་ལུའོ་དབྱི་སི་ལམ་རང་དབང་འཐབ་འཛིང་པའི་རྩ་འཛུགས"བར་དམག་འཐབ་བྱས་ནས་དམག་འཐབ་ཁྲོད་སྲིད་གཞུང་དམག་གི་དམག་མི་1དང་སྲིད་གཞུང་ལ་ངོ་རྒོལ་དྲག་དཔུང་གི་དྲག་ཆས་པ་9གྲོངས་པ་རེད།
         ཧྥི་ལི་ཕིན་གྱི་སྐམ་དམག་གི་རྐང་དམག་ཧྲི་ཤོག་དྲུག་པའི་གཏམ་བཤད་པ་ཨར་ཝུན·ཨེན་ཞི་ནཱ་སི་ཡིས་ཚེས་6ཉིན་གྱི་ཆུ་ཚོད་19ཡས་མས་སུ་སྲིད་གཞུང་དམག་གིས་མཱ་ཅིང་ར་ནའོ་མངའ་སྡེའི་མཐའ་ཁུལ་གྲོང་ཚོ་ཞིག་ཏུ་དམག་སྒར་ལ་འཇབ་རྒོལ་བྱེད་རྩིས་ཡོད་པའི"པང་སཱ་མོ་ལུའོ་དབྱི་སི་ལམ་རང་དབང་འཐབ་འཛིང་པའི་རྩ་འཛུགས"ཀྱི་དྲག་ཆས་པ་50དང་དམག་འཐབ་བྱས་པ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།