འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་ཡུས་ཁྲེན་གྱི་སྣུམ་ཚོན་རི་མོ་ལས་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 16:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཧན་ཡུས་ཁྲེན་གྱི་སྣུམ་ཚོན་རི་མོ་ལས་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཆེད་དུ་གདན་འདྲེན་ཞུས་པའི་ཞིབ་འཇུག་པ། ཨུ་རུ་སུའི་ལེ་པིན་མཛེས་རྩལ་སློབ་གླིང་གི་མཚན་འཛིན་དགེ་རྒན་ཆེ་མོ་བཅས་ཡིན་པའི་ཧན་ཡུས་ཁྲེན་གྱི་སྣུམ་ཚོན་རི་མོ་དང་ནུབ་ཕྱོགས་ཀྱི་སྣུམ་ཚོན་རི་མོ་འགྲེམས་སྟོན་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་གཤོམ་འགོ་ཚུགས་པ་རེད། ཐེངས་འདི་འགྲེམས་སྟོན་ནི་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་། ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། ཧོ་པེ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་རི་མོ་ཁང་གི་སྣུམ་ཚོན་རི་མོ་ཁང་གིས་རིག་གཞུང་ཐོག་ནས་རྒྱབ་སྐྱོར་བྱེད་འགན་ཁུར་བ་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་ཧྲའོ་ཏ་ཀྲེན་གྱིས་འགྲེམས་སྟོན་ཇུས་འགོད་བྱེད་འགན་ཁུར་བ་རེད།
    【1】  【2】  【3】
    ༄༅།།ཧན་ཡུས་ཁྲེན་གྱི་སྣུམ་ཚོན་རི་མོ་ལས་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ།
      

    ཕྱོགས་བསྡུས་གསར་འགྱུར།