འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཐད་མྱུར་ཚད་ལ་དོ་སྣང་བྱེད་པ་ནས་དབུལ་སྒྲོལ་སྤུས་ཚད་
    མཐོ་རུ་གཏོང་བར་འགྱུར་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་ཡིས་གོམ་སྟབས་རྗེས་མར་དབུལ་སྐྱོར་འགག་སྒྲོལ་ལས་དོན་དེ་དབུལ་ཕོངས་ཉུང་དུ་གཏོང་བའི་མྱུར་ཚད་ལ་དོ་སྣང་བྱེད་པ་ནས་དབུལ་སྒྲོལ་སྤུས་ཚད་མཐོ་རུ་གཏོང་བ་སོགས“འགྱུར་ལྡོག་ཁག་ལྔར”སྔར་བས་དོ་སྣང་བྱེད་པའི་བར་འགྱུར་རྒྱུ་ཡིན་ཞེས་བཤད།
        ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁོང་གིས་གོང་གསལ་གྱི་གནས་ཚུལ་དེ་བརྗོད་ཡོད། “དབུལ་སྒྲོལ་འགག་སྒྲོལ་ནི་རང་རེའི་སྤྱི་ཡོངས་ཀྱི་དམིགས་ཚད་ལས་འགན་ཞིག་ཡིན་པ་དང་། དམིགས་ཚད་ལས་འགན་དེ་འགྲུབ་པར་ལས་ཀའི་འཕེལ་རིམ་དང་དུས་བབ་ཀྱི་འགྱུར་བར་གཞིགས་ནས་ལས་ཀའི་དམིགས་ས་ལེགས་སྒྲིག་བྱེད་དགོས། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད་མི་འབོར་དབུལ་པོ་70%ཙམ་ཧ་ཅང་དབུལ་པོའི་གནས་ལས་སྒྲོལ་ཟིན་པ་ལས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་སྤྱིའི་རྣམ་པ་ཞིག་ཆགས་ཟིན་པ་མཚོན་ཡོད”ཅེས་ལིའུ་ཡུང་ཧྥུའུ་ཡིས་དེ་ལྟར་བཤད་ཅིང་། ཁོང་གིས“ད་ཆའི་གནས་སྟངས་ནས་བལྟས་ཚེ། སྤྱིར་ལས་འགན་བསྒྲུབ་རྒྱུར་དཀའ་ངལ་དེ་ཙམ་ཆེན་པོ་མེད། ད་ཆ་གཙོ་བོ‘རྒྱལ་ཁ་ལོན་པ’ནས་འགྱུར་ལྡོག‘ཡག་པོ་ཡོང་བ’བྱ་རྒྱུ་དེ་ཡིན”ཞེས་བཤད།
          འགྱུར་ལྡོག“ཡག་པོ་ཡོང་བ”ཞེས་པ་ཕྱོགས་གང་ནས་མཚོན་དགོས་ཤེ་ན། ལིའུ་ཡུང་ཧྥུའུ་ཡིས་དཔེ་དྲངས་ནས་བཤད་པ་སྟེ། དབུལ་སྐྱོར་བྱ་ཡུལ་ངོས་བཟུང་མ་ཐུབ་གོང་། དབུལ་སྐྱོར་ལས་དོན་སྤྱིར་ན“དམིགས་ས་མེད་པ་ཞིག”རེད། ད་ཆ་དབུལ་སྐྱོར་བྱ་ཡུལ་ངོས་བཟུང་ཐུབ་པས་གོམ་སྟབས་རྗེས་མར་ཁོང་ཚོར་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱས་ནས་དབུལ་སྒྲོལ་སྤུས་ཚད་འགན་ལེན་ཁར་དབུལ་པོ་བསྐྱར་ལོག་གྲངས་འབོར་ཉུང་དུ་གཏོང་རྒྱུ་ཡིན།
         ལིའུ་ཡུང་ཧྥུའུ་ཡིས། འགྱུར་ལྡོག་ཁག་ལྔ་ཞེས་པ་ནི་ཕྱོགས་ཡོངས་ནས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་འགག་སྒྲོལ་ལ་སྔར་བས་དོ་སྣང་བྱ་རྒྱུར་འགྱུར་བ་དང་། དབུལ་ཕོངས་ཉུང་དུ་གཏོང་བར་དོ་སྣང་བྱེད་པ་ནས་དབུལ་སྒྲོལ་སྤུས་ཚད་ལ་སྔར་བས་དོ་སྣང་བྱ་རྒྱུར་འགྱུར་བ། དབུལ་སྐྱོར་བྱ་ཡུལ་ངོས་བཟུང་རྒྱུར་དོ་སྣང་བྱེད་པ་ནས་གནད་སྨིན་དབུལ་སྐྱོར་ངང་དབུལ་སྒྲོལ་བརྟན་པོ་ཡོང་བར་སྔར་བས་དོ་སྣང་བྱ་རྒྱུར་འགྱུར་བ། ཕྱིའི་དབུལ་སྐྱོར་ལ་དོ་སྣང་བྱེད་པ་ནས་ཕྱིའི་དབུལ་སྐྱོར་དང་ནང་སེམས་ཀྱི་སྒུལ་ཤུགས་འཕེལ་རྒྱུ་གལ་ཆེ་མཉམ་དུ་འཛིན་པར་དོ་སྣང་བྱ་རྒྱུར་འགྱུར་བ། གསར་སྤེལ་རྣམ་པའི་དབུལ་སྐྱོར་གཙོ་བོར་འཛིན་པ་ནས་གསར་སྤེལ་བྱེད་སྟངས་དང་འགན་ལེན་རང་བཞིན་གྱི་དབུལ་སྐྱོར་གལ་ཆེ་མཉམ་དུ་འཛིན་རྒྱུར་འགྱུར་བ་བཅས་ཡིན་ཞེས་བཤད།
         ལིའུ་ཡུང་ཧྥུའུ་ཡིས་ལོ་ལྔའི་རིང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཐད་རང་རྒྱལ་གྱི་དབུལ་ཕོངས་ཉུང་དུ་གཏོང་བའི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་ཐོབ་ནའང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་དོན་འཁྱོལ་མ་ཐུབ་པ་དང་། དམིགས་སར་མི་འབྱོར་པ། གནད་ལ་མ་སྨིན་པ་བཅས་ཀྱི་གནད་དོན་དང་དེ་བཞིན་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། གྲངས་ཀ་ཙམ་གྱི་དབུལ་སྒྲོལ། དབུལ་སྒྲོལ་རྫུན་མ་སོགས་ཀྱི་གནད་དོན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།