འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རང་བྱུང་འགྱིག་གི་འདུས་གྲུབ་ལག་རྩལ་ཐད་འཕེལ་རྒྱས་གསར་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ནང་གིས་ཐོག་མར་གསར་གཏོད་བྱས་པའི་ཏུན་ཁྲི་རིམ་པའི་ན་སྨི་ས་སྤྱིན་གྱི་རང་བྱུང་འགྱིག(NCR)ཐོན་ལས་ཅན་གྱི་རྣམ་གྲངས་ལ་ཚེས་5ཉིན་འགག་རྩའི་ལག་རྩལ་གྱི་དཔྱད་སྡོམ་ཐོབ་པ་དང་། དཔྱད་སྡོམ་རིགས་གཅིག་མཁས་ཅན་གྱིས་རྣམ་གྲངས་དེའི་འགག་རྩའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་བཀོལ་སྤྱོད་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།
         ལག་རྩལ་དེས་ས་སྤྱིན་འགྱིག་ལ་ཆུ་ལྡན་ཚད་མཐོ་བ་དང་ལས་སླ་པོར་སྐམ་མི་སྲིད་པའི་དཀའ་གནད་ཐག་གཅོད་བྱས་པ་དང་ཆབས་ཅིག་ཏུན་ཁྲི་རིམ་པའི་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད་པ་རེད། བཀོད་སྤྱོད་སྙན་ཞུ་ལས་ལག་རྩལ་གསར་པའི་འགྱིག་འཁོར་བེད་སྤྱོད་བྱས་པ་དེའི་ཐོན་རྫས་བེད་སྤྱོད་བྱེད་ཡུན་འགྱིག་འཁོར་དཀྱུས་མ་ལས་20%ཡན་མཐོ་རུ་ཕྱིན་ཡོད་པ་གསལ་བཤད་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།