འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བྱེད་ཐབས་བཏོན་ནས་མཚོ་གཏིང་མ་དཔེ་དང་མཚོ་གཏིང་དཔྱད་གཞིའི་དོ་དམ་
    ཚད་ལྡན་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་མཚོ་གཏིང་གི་མཚོ་འོག་ས་ཁོངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་མ་དཔེ་དང་དཔྱད་གཞིའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་ཡོངས་བསྒྲགས་བྱས་ཏེ། མཚོ་གཏིང་མ་དཔེ་དང་མཚོ་གཏིང་དཔྱད་གཞིའི་དོ་དམ་ཚད་ལྡན་དུ་བཏང་བས། མཚོ་གཏིང་གི་ཚན་རྩལ་སྤེལ་རེས་དང་མཉམ་ལས་དེ་བཞིན་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།
         རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་《མཚོ་གཏིང་གི་མཚོ་འོག་ས་ཁོངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་མ་དཔེ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》དང་《མཚོ་གཏིང་གི་མཚོ་འོག་ས་ཁོངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དཔྱད་གཞི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་གཏིང་གི་མཚོ་འོག་ས་ཁོངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བཅའ་ཁྲིམས་》ཀྱི་མ་ལག་ཆ་ཚང་གི་བྱེད་ཐབས་ཁག་གཉིས་རེད། དེ་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ནི་མཚོ་གཏིང་གི་མཚོ་འོག་ས་ཁོངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་། འབྲེལ་ཡོད་ཀྱི་ཁོར་ཡུག་སྲུང་སྐྱོང་། ཚན་རིག་ལག་རྩལ་ཞིབ་འཇུག ཐོན་ཁུངས་བརྟག་ཞིབ་བྱེད་སྒོ་བཅས་སྤེལ་རིང་ཐོབ་པའི་མཚོ་གཏིང་མ་དཔེ་དང་དཔྱད་གཞིའི་དོ་དམ་ཚད་ལྡན་དུ་བཏང་ནས་མཚོ་གཏིང་མ་དཔེ་དང་དཔྱད་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། མཚོ་གཏིང་གི་ཚན་རིག་ལག་རྩལ་སྤེལ་རེས་དང་མཉམ་ལས་དེ་བཞིན་གྲུབ་འབྲས་མཉམ་སྤྱོད་བཅས་ལ་སྐུལ་མ་ཐེབས་ནས། མཚོ་གཏིང་མ་དཔེ་དང་དཔྱད་གཞི་སྐྱེལ་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཆེད་དུ་ཡིན་པ་རེད།
         བྱ་ཐབས་ནང་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་མཚོ་གཏིང་མ་དཔེ་དང་དཔྱད་གཞི་སྐྱེལ་རྒྱུའི་ལས་དོན་གྱི་འགན་གཙོ་བོ་འཁུར་ནས། རྒྱལ་ཡོངས་ཀྱི་མཚོ་གཏིང་མ་དཔེ་དང་དཔྱད་གཞི་དོ་དམ་ལ་ལྟ་སྐུལ་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་གྱི་ཡོད་པ་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།