འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་གློག་གིས་རྡོ་སོལ་གྱི་ཚབ་བྱས་ནས་དྲོད་གཏོང་བར་གོ་རིམ་ལྡན་པའི་
    ངང་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་ཁབ་ནུས་རྒྱུ་ཅུས་ཕྱོགས་བསྡུས་སིས་བརྡ་ཐོ་བཏང་ནས་བྱང་ཕྱོགས་ས་ཁུལ་གྱི་གློག་གིས་རྡོ་སོལ་གྱི་ཚབ་བྱེད་པའི་དྲོད་གཏོང་ལས་དོན་ཡག་པོ་སྒྲུབ་པ་དང་གློག་གིས་རྡོ་སོལ་གྱི་ཚབ་བྱས་ནས་དྲོད་གཏོང་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
         མིག་སྔར་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དགུན་དུས་དྲོད་ལེན་དང་གློག་སྤྱོད་མང་ཤོས་ཀྱི་དགུན་སྒྲོལ་དུས་སུ་སླེབས་ཡོད། ས་ཆ་ཁག་གིས་ནུས་རྒྱུ་གཙང་མ་སྤྱད་དེ་དྲོད་ལེན་རྒྱུར་སྐུལ་འདེད་གཏོང་ཆེད་ལག་ལེན་བསྟར་བའི་གློག་གིས་རྡོ་སོལ་གྱི་ཚབ་བྱེད་པའི་འདུ་འགོད་ཁག་གཅིག་ལག་ལེན་བསྟར་འགོ་ཚུགས་ནས་གཅིག་སྡུད་དྲོད་གཏོང་ས་ཁུལ་ཕུད། དེ་བྱིངས་ས་ཁུལ་གྱི་མང་ཚོགས་ཀྱི་དྲོད་ལེན་འགན་ལེན་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཉུང་དུ་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་མོད། འོན་ཀྱང་དེ་དང་ཆབས་ཅིག་རྒྱུན་མཐུད་ངང་འཁོར་རྒྱུག་བརྟན་པོ་བྱེད་པའི་གནོན་ཤུགས་ཀྱང་འཕྲད་ཡོད།
         བརྡ་ཐོའི་ནང་དམངས་འཚོའི་དྲོད་ལེན་བདེ་འཇགས་དང་གློག་སྤྱོད་བདེ་འཇགས་ཡོང་བའི་སྔོན་འགྲོའི་འོག“གློག་གིས་རྡོ་སོལ་གྱི་ཚབ་བྱེད་པའི”དྲོད་གཏོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་གློག་སྒྱུར་སྒྲིག་བཀོད་སྒྱུར་བཀོད་དང་ཡུལ་མིའི་དྲོད་ལེན་ཐད་གློག་སྤྱོད་རྒྱུར་ཁ་གསབ་བྱེད་པ་སོགས་ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་ལྷུ་ཚིགས་ཁག་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།