འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་
    ཟླ་རེར་སྒོར་80བར་མཐོ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་དེ་སྔ་མི་རེར་ཟླ་རེར་སྒོར་70ཡིན་པ་ནས་མི་རེར་ཟླ་རེར་སྒོར་80བར་མཐོ་རུ་བཏང་བ་རེད། མིག་སྔར་སི་ཁྲོན་ཞིང་ཆེན་ནོར་སྲིད་ཀྱིས་2018ལོའི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར་1.6སྔོན་སྤྲོད་བྱས་པ་དང་ཆབས་ཅིག ས་གནས་ཁག་ལ་དཔྱིད་གསར་དུས་ཆེན་གོང་དུས་ཚིགས་དང་པོའི་འཚོ་བའི་ཁ་གསབ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱིས་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་འཚོ་བའི་ཁ་གསབ་སྤྲོད་པའི་ལམ་ལུགས་བཙུགས་ནས་ལག་ལེན་བསྟར་ཞིང་། དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཐོན་གཉིས་པ་ལྡན་མཁན་གྱི་སི་ཁྲོན་ཞིང་ཆེན་གྱི་ཐེམ་ཁུངས་ཡིན་པའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལ་འཚོ་བའི་ཁ་གསབ་སྤྲོད་ཀྱི་ཡོད། སྔོན་དཔག་ལྟར་ན། 2020ལོར་སླེབས་སྐབས་མི་རེར་ཟླ་རེར་སྒོར་100རེ་སྤྲོད་ཐུབ་རེ་ཡོད། དེར་མཁོ་བའི་མ་དངུལ་རྣམས་ཞིང་ཆེན་དང་གྲོང་ཁྱེར་(དོ་དམ་བྱེད་དབང་ཆེ་རུ་བཏང་བའི་རྫོང)གྱིས་འགན་འཁུར་བ་དང་། ཞིང་ཆེན་ནོར་སྲིད་ཀྱིས་35%ཡི་སྤྱི་ཡོངས་ཀྱི་ཁ་གསབ་ཀྱི་ཆུ་ཚད་གཞིར་བཟུང་གྲོང་ཁྱེར་དང་རྫོང་ལ་ཁ་གསབ་སྤྲོད་ཀྱི་ཡོད།
         སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ས་གནས་ཁག་གིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་སྤྲོད་ཡུལ་གྱི་འོས་བབ་ལ་ཞིབ་བཤེར་ནན་པོ་བྱས་ནས། རེ་ཞུ་དང་། བདག་སྤྲོད། ཞིབ་བཤེར། སྤྱི་བསྒྲགས། གཤམ་སྤྲོད་སོགས་ཀྱི་གཞི་རྩའི་གོ་རིམ་གཞིར་བཟུང་། དབང་པོ་སྐྱོན་ཅན་གྱི་ལག་འཁྱེར་ཐོན་གཉིས་པ་ལྡན་མཁན་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུས་ཐོག་ཏུ་ཁ་གསབ་ཁྱབ་ཁོངས་སུ་བཅུག་སྟེ་ཁ་གསབ་སྤྲོད་དགོས་རིགས་ཚང་མར་ཁ་གསབ་སྤྲོད་དགོས། ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་དུས་ཐོག་ཏུ་དངུལ་གྲངས་ཚང་ཕྱིར་སྤྲོད་བྱེད་དུ་བཅུག་ནས་ཕྱིར་སྤྲོད་བྱེད་དགོས་རིགས་ཚང་མར་ཕྱིར་སྤྲོད་བྱེད་དུ་འཇུག་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།