འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོར་རང་རྒྱལ་གྱིས་ནགས་གསོ་མུའུ་དུང་ཕྱུར་གཅིག་ཡན་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་ནས་2018ལོར་ནགས་གསོ་མུའུ་དུང་ཕྱུར་གཅིག་ཡན་ལེགས་སྒྲུབ་བྱས་ནས་2020ལོར་སླེབས་སྐབས་ནགས་ཚལ་ཁྱབ་ཚད་23.04%དང་། 2035ལོར་སླེབས་སྐབས་26% དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་དུ་སླེབས་པའི་བརྩོན་ལེན་བྱ་རྒྱུ་རེད།
         རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་དུས་མཚམས་རང་བཞིན་གྱི་འབད་འཐབ་དམིགས་ཚད་ལ་གཞིགས་ཏེ། གཅིག་ནས་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་རྨོ་བསྐྱུར་ནགས་གསོ་དང་། གཙོ་གནད་འགོག་སྲུང་ནགས་ཚལ། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྒྲིག བྱེ་རྡོ་བཅོས་སྐྱོང་སོགས་འདུ་འགོད་ཀྱི་ནགས་གསོ་གཞི་ཁྱོན་ཆེ་རུ་གཏོང་དགོས་ཤིང་། བྱང་གསུམ་འདུ་འགོད་ལག་ལེན་བསྟར་ནས་ལོ་40འཁོར་བ་གོ་སྐབས་སུ་བྱས་ནས་མུའུ་ཁྲི་བརྒྱ་ལོན་པའི་འགོག་སྲུང་ནགས་ཚལ་གྱི་རྟེན་གཞི་2གསར་སྐྲུན་བྱས་ཏེ་གནད་སྨིན་བྱེ་བཅོས་ཀྱི་གཙོ་གནད་རྫོང་སྐྲུན་དགོས། ཞུང་ཨན་ཁུལ་གསར་པའི་དབྱང་ཏེང་ཆུ་སྟོད་དང་། ནང་སོག་གི་ཧུའེ་ཧྲན་ཏ་ཁེ། མཚོ་སྔོན་གྱི་ཙོང་ཆུ་བཅས་གཞི་ཁྱོན་ཅན་གྱི་ནགས་ར་གསུམ་བསྐྲུན་རྒྱུའི་ཚོད་ལྟ་དམ་འཛིན་ཡག་པོ་བྱས་ཏེ་ནགས་གསོ་མུའུ་ཁྲི་723བྱ་རྒྱུའི་འཆར་གཞི་འགོད་དགོས། གཉིས་ནས་ཀྲུང་དབྱང་མ་འཇོག་གི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་བུན་སྒོར་དུང་ཕྱུར་300སྤྱོད་པ། ལྗང་མདོག་དངུལ་རྩའི་བུན་འཛིན་སྒོར་དུང་ཕྱུར་100འགྲེམས་པ་བཅས་བྱས་ཏེ་ཤིང་སྣ་རྩ་ཆེན་དང་ཁ་ཞེང་ཆེ་བའི་ཤིང་རྒྱུ་ཧུར་ཐག་བཏབ་སྟེ་རྒྱལ་ཁབ་ཀྱི་གྲབས་གསོག་ནགས་ཚལ་མུའུ་ཁྲི་1000སྐྲུན་དགོས། གསུམ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལམ་སྲོལ་གསར་གཏོད་བྱས་ནས་འོས་འགན་ཤིང་འཛུགས་ཀྱི་འགན་འཁྲིའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་སྔོན་འཛུགས་རྗེས་གསབ་དང་། བྱ་དགའ་གསབ་དངུལ་དུ་སྒྱུར་བ། སྐྱེད་གསབ་འགན་བཅོལ་སོགས་ཀྱི་བྱ་ཐབས་མང་པོ་འཚོལ་ཞིབ་བྱས་ཏེ་ཁེ་ལས་དང་། མཉམ་སྡེབ། མི་སྒེར། སྤྱི་ཚོགས་རྩ་འཛུགས་སོགས་ཀྱིས་ཕྱོགས་ཁག་གི་མ་འཇོག་ལ་ཁྲིད་སྟོན་བྱས་ནས་སྣོད་བཅུད་སྲུང་སྐྱོང་སླར་གསོ་བྱེད་མཁན་ཆེད་ལས་ཅན་གྱི་ཁེ་ལས་ཁག་གཅིག་སྐྱོང་སྤེལ་བྱས་ཏེ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་རྣམ་གྲངས་ལ་སྔོན་ལ་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཀྱི་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།