འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཁྲོམ་རར་བཏོན་པའི་སྨན་རྫས་དཀར་ཆག་ཕྱོགས་བསྒྲིགས་ཐོག་མ་དེ་ཡོངས་བསྒྲགས་བྱས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཉིན་ཤས་གོང་《ཀྲུང་གོའི་ཁྲོམ་རར་བཏོན་པའི་སྨན་རྫས་དཀར་ཆག་ཕྱོགས་བསྒྲིགས་》ཡོངས་བསྒྲགས་བྱས་པ་དང་། དཀར་ཆག་ཕྱོགས་བསྒྲིགས་ནང་ཁག་དང་པོར་བཅུག་པའི་སྨན་རྫས་སྣ་ཁ་131དང་སྨན་རྫས་ཀྱི་ཚད་གཞི་མི་འདྲ་བ203ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་རང་རྒྱལ་གྱིས་ཁྲོམ་རར་བཏོན་པའི་སྨན་རྫས་དཀར་ཆག་ཕྱོགས་བསྒྲིགས་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།
          བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྨན་རྫས་ལྟ་ཞིབ་གདེང་འཇོག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། ཁག་དང་པོའི་ནང་བསྡུས་པའི་སྨན་གྱི་སྣ་ཁའི་ཁྲོད་དེ་སྔ་ཐོ་འགོད་བྱས་པའི་རིགས་དབྱེ་ཆོག་མཆན་སྤྲད་པ་གཞིར་བཟུང་བའི་1.1རིགས་ཀྱི་རང་རྒྱལ་ནས་ཐོན་པའི་གསར་གཏོད་སྨན་(སྣ་ཁ་9དང་ཚད་གཞི་11)དང་། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་འདྲ་བཟོས་སྨན་རྫས་ཀྱི་བསྡུར་བའི་སྨན་རྫས་དཀར་ཆག་ཁྲོད་ཀྱི་ནང་འདྲེན་བྱས་པའི་གསར་བཟོས་སྨན་རྫས་(སྣ་ཁ་98དང་ཚད་གཞི156)གསར་དུ་ཐོ་འགོད་བྱས་པའི་རིགས་དབྱེའི་ཆོག་མཆན་སྤྲད་པ་གཞིར་བཟུང་བའི་སྨན་རྫས་(སྣ་ཁ་10དང་ཚད་གཞི18)དང་སྤུས་ཚད་དང་སྨན་ནུས་ལ་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པའི་སྨན་རྫས་ཁག་དང་པོ་(སྣ་ཁ་13དང་ཚད་གཞི17)སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།