འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་གྱི་མ་ལག་ལྟེ་བར་བྱས་པའི་དུས་ཚོད་དང་བར་སྣང་མ་
    ལག་གསར་པ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན། བྱང་སྐར་སྤུན་བདུན་དྲིལ་བསྒྲགས་ཞིབ་འཇུག་དང་ཁྱབ་སྤེལ་ལྟེ་གནས་བཙུགས་པའི་མཛད་སྒོའི་ཐོག་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་མ་ལག་གི་སྤྱི་ཁྱབ་ཇུས་འགོད་པ་དབྱང་ཁྲང་ཧྥེང་གིས། རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་གྱི་མ་ལག་ལྟེ་བར་བྱས་ནས་དུས་ཚོད་དང་བར་སྣང་མ་ལག་གསར་པ་བསྐྲུན་རྒྱུ་རེད་ཅེས་བརྗོད།
         བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་ནི་རང་རྒྱལ་གྱི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་རྨང་རྡོ་གལ་ཆེན་ཞིག་ཀྱང་ཡིན།
         “2035ལོའི་གོང་དུ་རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་ལྟེ་བར་བྱས་ནས་བར་སྣང་དང་རྒྱ་མཚོ་སྐམ་ས་བཅས་ལ་ཁྱབ་པ་དང་། བདེ་འཇགས་དང་བློས་འགེལ་ཆོག་པ། སྣང་སྲིད་འབྲེལ་མཐུད་དང་སྣང་སྲིད་རིག་ལྡན་བཅས་ཀྱི་ཕྱོགས་བསྡུས་མ་ལག་གསར་པ་ཞིག་བསྐྲུན་ཡོད”ཅེས་དབྱང་ཁྲང་ཧྥུང་གིས་བཤད་ཅིང་། ཁོང་གིས་དུས་ཚོད་དང་བར་སྣང་གི་མ་ལག་གིས་རྒྱལ་ཁབ་ཀྱི་དུས་ཚོད་དང་བར་སྣང་ཆ་འཕྲིན་གྱི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་རྒྱལ་དམངས་དཔལ་འབྱོར་དང་རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་བསྐངས་ཐོག་གོ་ལ་ཧྲིལ་པོའི་མི་རྣམས་ལ་ཞབས་ཞུ་སྔར་བས་ཡག་པོ་བྱ་རྒྱུ་རེད་ཅེས་ཀྱང་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།