འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གཞུང་ཁོངས་རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ནོར་སྲིད་པུའི་རིག་གནས་སི་ནས་ཤེས་རྟོགས་བྱུང་གསལ། རིག་གནས་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་དང་། རིག་གནས་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོར་གཏོང་། གཞུང་ཁོངས་རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དང་འཕེལ་རྒྱས་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བཅས་བྱ་ཆེད། ནོར་སྲིད་པུས་《གཞུང་ཁོངས་རིག་གནས་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་སྙན་ཞུ(2017)》ཁྱབ་བསྒྲགས་བྱས་ཡོད།
         《སྙན་ཞུའི་》ནང་མངོན་གསལ། གཞུང་ཁོངས་རིག་གནས་ཁེ་ལས་ཀྱི་རྒྱུ་ནོར་དང་གཉེར་སྐྱོང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་2016ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གཞུང་ཁོངས་རིག་གནས་ཁེ་ལས་ཁྱོན་14838ཡོད་པ་དེ་དུས་མཚུངས་ལས་6%འཕར་བ་དང་། རྒྱུ་ནོར་བསྡོམས་གྲངས་སྒོར་དུང་ཕྱུར་36937.1ཟིན་པ་དེ་དུས་མཚུངས་ལས་16.3%འཕར་བ། གཉེར་སྐྱོང་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་15673.9ཟིན་པ་དེ་དུས་མཚུངས་ལས་11.3%འཕར་བ། ཁེ་བཟང་བསྡོམས་གྲངས་སྒོར་དུང་ཕྱུར་1373.6ཟིན་པ་དེ་དུས་མཚང་ལས་4.7%འཕར་ཡོད། དེའི་ཁྲོད་ཀྲུང་དབྱང་རིག་གནས་ཁེ་ལས་ཁྱོན་3610ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བ་དང་། རྒྱུ་ནོར་བསྡོམས་གྲངས་སྒོར་དུང་ཕྱུར་9312.3ཟིན་པ་དེ་དུས་མཚུངས་ལས་13.2%འཕར་བ། ཁེ་བཟང་བསྡོམས་གྲངས་སྒོར་དུང་ཕྱུར་518.7ཟིན་པ་དེ་དུས་མཚུངས་ལས་1.1%འཕར་བ། གྲངས་གཞིའི་ཐོན་རྫས་ཞིབ་སྤེལ་དང་། ཐོན་སྐྱེད། ཁེ་སྤོགས་བཅས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་བཅས་རེད། ས་གནས་གཞུང་ཁོངས་རིག་གནས་ཁེ་ལས་ཁྱོན་11228ཡོད་པ་དེ་དུས་མཚུངས་ལས་6.6%འཕར་བ་དང་། རྒྱུ་ནོར་བསྡོམས་གྲངས་སྒོར་དུང་ཕྱུར་27624.8ཟིན་པ་དེ་དུས་མཚུངས་ལས་17.4%འཕར་བ། ཁེ་བཟང་གི་བསྡོམས་གྲངས་སྒོར་དུང་ཕྱུར་854.9ཟིན་པ་དེ་དུས་མཚུངས་ལས་7.1%འཕར་བ། ཤར་རྒྱུད་ས་ཁུལ་གྱི་གཞུང་ཁོངས་རིག་གནས་ཁེ་ལས་ཀྱི་མ་འཇོག་དང་། ཐོན་སྐྱེད། མ་རྩ་ཅན་གྱི་འཁོར་རྒྱུག་སོགས་ཀྱི་ཐད་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།