༄༅།།རང་རྒྱལ་གྱིས་དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུའི་འཆར་གཞི་བཏོན་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 12ཚེས་29ཉིན། 13:28】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། རང་རྒྱལ་འདི་ཉིད་དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་ཏུ་འགྱུར་བའི་རྒྱབ་ལྗོངས་འོག་ཚོང་དོན་པུས་དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུའི་འཆར་གཞི་བཏོན་ཞིང་། ཚེས་25ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་ཚོང་དོན་ལས་དོན་གྱི་ཚོགས་འདུའི་ཐོག་ཚོང་དོན་པུའུ་ཡི་པུའུ་ཀྲང་ཀྲུང་ཧྲན་གྱིས་རང་རྒྱལ་གྱིས་གོམ་སྟབས་གསུམ་ལ་དབྱེ་ནས་འཆར་གཞི་དེ་དོན་འཁྱོལ་བྱས་ཏེ། 2050ལོའི་གོང་དུ་ཕྱོགས་ཡོངས་ནས་དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་ཏུ་བསྐྲུན་རྒྱུ་རེད་ཅེས་བཤད།
ཀྲུང་ཧྲན་གྱིས་དུས་རབས་གསར་པའི་ཚོང་དོན་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབད་འཐབ་དམིགས་ཚད་ནི་སྔ་སྣུར་དུ་དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་ཧུར་ཐག་བསྐྲུན་རྒྱུ་དེ་ཡིན་པ་དང་། གོམ་སྟབས་གསུམ་ལ་ཕྱེ་བ་སྟེ། 2020ལོའི་གོང་དུ་དཔལ་འབྱོར་ཚོང་དོན་རྒྱལ་ཁབ་ཆེ་མོའི་གནས་བབ་སྔར་བས་བརྟན་དུ་གཏོང་རྒྱུ་དང་། 2035ལོའི་གོང་དུ་གཞི་རྩའི་ཆ་ནས་དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུ། 2050ལོའི་གོང་དུ་ཕྱོགས་ཡོངས་ནས་དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུ་བཅས་རེད་ཅེས་བཤད།
དཔལ་འབྱོར་ཚོང་དོན་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུ་དེ་ཡང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི“དུས་མཚམས་གཉིས”དང“གོམ་སྟབས་གཉིས་ལ་བརྟེན་ནས་བསྐྱོད་པའི”འཐབ་ཇུས་བཀོད་སྒྲིག་དང་མཐུན་ཡོད་པ་རེད།