འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲུའུ་ཅི་དང་པོས་ཞིང་པར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཡོང་འབབ་ཉུང་བའི་གྲོང་ཚོ་234དང་རྗེས་ལུས་ཐེབས་པའི་གྲོང་ཚོ་117གྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱ་ཆེད། པེ་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་ལས་བྱེད་པ་623ཞིང་འབྲེལ་ས་ཁུལ་དུ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་བྱེད་པར་བཏང་བའི་ནང་ཁག་དང་པོར་བཏང་བའི་ཧྲུའུ་ཅི་དང་པོ་407གྱི་ལོ་གཉིས་ཀྱི་འགན་འཛིན་དུས་ཚད་ཐིམས་ཉེར་ཡོད་པ་རེད། ལོ་གཉིས་ནང་ཁོང་ཚོས་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.8མཐུན་སྦྱོར་བྱས་པ་དང་། རྣམ་གྲངས་245ནང་འདྲེན་དང་གསར་སྤེལ་བྱས་པ། ཤང་དང་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་ལ་བརྟེན་ནས་རྣམ་གྲངས་501གཉེར་རྒྱུར་སྐུལ་འདེད་བཏང་བ་རེད། སྔོན་རྩིས་བྱས་ན་2017ལོའི་གྲོང་ཁྱེར་དེའི་ཡོང་འབབ་ཉུང་བའི་ཞིང་དུད་ཀྱི་ཡོང་འབབ་སྒོར་ཁྲི་ལས་བརྒལ་རྒྱུ་ཡིན་རེད།
      

    ཕྱོགས་བསྡུས་གསར་འགྱུར།