འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྤྱི་ཚོགས་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་ཁྲིད་སྟོན་དང་
    སྐུལ་སློང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་11པའི་བར། རང་རྒྱལ་དུ་སྤྱི་ཚོགས་རྩ་འཛུགས་ཁྲི་75.7ཡོད་པ་རེད། ཇི་ལྟར་བྱས་ཏེ་སྟོབས་ཤུགས་ཆེན་པོ་དེ་དག་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བྱེད་དམ་ཞེ་ན། ཚེས་22ཉིན་དམངས་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཉེ་དུས་དཔར་འགྲེམས་བྱས་པའི་《སྤྱི་ཚོགས་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་རྒྱ་ཁྱབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོར་》དམིགས་ཏེ་འགྲེལ་བཤད་བརྒྱབ་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དཔར་འགྲེམས་བྱས་པའི་《སྤྱི་ཚོགས་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་རྒྱ་ཁྱབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་》ནང་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པ་ནི་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་གལ་ཆེན་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་།
         སྤྱི་ཚོགས། མང་ཚོགས། ལས་རིགས་བཅས་ལ་ཞབས་འདེགས་ཞུ་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་གར་སྟེགས་གལ་ཆེན་ལྟ་བུ་དང་ཐབས་ལམ་དངོས་ཤིག་དེ་བས་ཀྱང་ཡིན་ཞེས་བསྟན་ཡོད། བརྡ་ཐོའི་ནང་སྤྱི་ཚོགས་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པའི་ཁྱབ་ཁོངས་གལ་ཆེན་ཁ་གསལ་བཏོན་པའི་ནང་ཐོན་ལས་དབུལ་སྐྱོར་དང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཅས་ནང་ཞུགས་པ་དང་དེ་བཞིན་དང་བླངས་དབུལ་སྐྱོར་དར་སྤེལ་གཏོང་བ་སོགས་ཚུད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ལོ་མཇུག་བར། རང་རྒྱལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་2746ཟིན་པ་དང་། སྤྱི་ཚོགས་ཀྱི་ཞལ་འདེབས་སྣ་ཚོགས་དང་ལེན་བྱེད་ཚད་སྒོར་དུང་ཕྱུར་653.7ཟིན་པ། དང་བླངས་པ་མི་ཐེངས་ཁྲི་191ལ་སྐུལ་སློང་བྱས་ཡོད་པ་རེད།
         དེ་ཉིན་འཚོགས་པའི་སྤྱི་ཚོགས་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་ཞུགས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དམངས་སྲིད་པུའི་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོང་རུའུ་ཡིས་སྤྱི་ཚོགས་རྩ་འཛུགས་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་གལ་ཆེན་ཞིག་ཡིན་པ་དང་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད། ས་གནས་ཁག་གིས་སྤྱི་ཚོགས་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཁྲུང་ཆིང་དང་། ཨན་ཧུའེ། ཅང་ཤིས། ཧེ་ལུང་ཅང་། ཡུན་ནན། ཀོང་ཤིས། ཉིང་ཞ། ཀན་སུའུ་སོགས་ཀྱིས་ཆེད་མངགས་ཡིག་ཆ་བཏོན་ནས་དེ་མཚུངས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།