འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་སྐམ་སའི་ཐོན་ཁུངས་རྩད་ཞིབ་སྲུང་སྐར་འཕེན་གཏོང་བྱས་པ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་གྱི་ཆུ་ཚོད་12སྐར་མ་14ཐོག  ཀྲུང་གོས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་བྱས་པ་དང་། སྐམ་སའི་ཐོན་ཁུངས་རྩད་ཞིབ་སྲུང་སྐར་ཨང་གཉིས་པ་མཁའ་དབྱིངས་སུ་འཕེན་གཏོང་ལེགས་གྲུབ་བྱུང་བ་རེད། འདི་ནི་མེ་ཤུགས་འཕུར་མདའ་རྒྱང་སྐྱོད་མུ་འབྲེལ་སྐྱེལ་འདྲེན་འཐེན་ཐེངས་259ཡིན་པ་དང་། སྲུང་སྐར་དེ་སྔོན་དཔག་འཁོར་ལམ་དུ་བསྐྱོད་ནས། འཕེན་གཏོང་ལས་འགན་བདེ་ལེགས་ངང་འགྲུབ་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྲུང་སྐར་འདི་གཙོ་བོ་སྐམ་སའི་ཐོན་ཁུངས་རྒྱང་ཚོར་རྩད་ཞིབ་ཏུ་སྤྱོད་རྒྱུ་ཡིན་འདུག
      

    ཕྱོགས་བསྡུས་གསར་འགྱུར།