འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་པ་བར་ལྷ་ས་གྲོང་ཁྱེར་འཁོར་རིགས་ཁག་གི་དཔྱ་ཁྲལ་སྒོར་ཁྲི་2000
    ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ད་ལོ་ནས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཀྱིས་དམངས་འཚོའི་ཁྲོད་དུ་ནུས་པ་ཐོན་པའི་ཆེད་དུ། ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུད་འཁོར་རིགས་ཉོ་ཁྲལ་ཡན་ལག་ཅུད་ཀྱི་《འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་བསྡུ་ལེན་དོ་དམ་བྱ་ཐབས་》སོགས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། བོད་ལྗོངས་ཀྱི་འབུད་བསྐྱུར་ཚད་གཞི་ཧྲེང་1.6མན་གྱི་འཁོར་རིགས་དང་། གཏན་འཇགས་སྒྲིག་ཆས་ཀྱི་སྐྱེལ་འདྲེན་འཁོར་རིགས་མ་ཡིན་པའི་འཁོར་རིགས། ནུས་ཁུངས་གསར་པའི་འཁོར་རིགས་བཅས་ཀྱི་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་བཏང་བ། ཞིང་འབྲོག་མང་ཚོགས་ཀྱིས་སྤྱོད་པའི་ཐོན་སྐྱེད་གཉེར་སྐྱོང་ཀྱི་འཁོར་རིགས་དང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་འཁོར་རིགས་ལ་དཔྱ་ཁྲལ་མེད་པར་བཟོ་རྒྱུ་ཡིན་པ་རེད། 
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་དང་པོ་ནས་བཅུ་པ་བར་ཁྲལ་དོན་ཅུད་ཀྱིས་དཔྱ་ཁྲལ་ཁྱོན་བསྡོམས་སྒོར་ཁྲི་2374.76ཆག་ཡང་དང་རྩ་ཆག་བཏང་ཡོད་པ་དང་། དེའི་ནང་འབུད་བསྐྱུར་ཚད་གཞི་ཧྲེང་1.6མན་གྱི་འཁོར་རིགས་ཁ་གྲངས་7283དང་དེར་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སྒོར་ཁྲི་1580.38བཏང་ཡོད། གཏན་འཇགས་སྒྲིག་ཆས་ཀྱི་སྐྱེལ་འདྲེན་འཁོར་རིགས་མ་ཡིན་པའི་འཁོར་རིགས་ཁ་གྲངས་303དང་དེར་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སྒོར་ཁྲི་724.05བཏང་ཡོད། ནུས་ཁུངས་གསར་པའི་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་བཏང་བའི་འཁོར་རིགས་ཁ་གྲངས་6དང་དེར་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སྒོར་ཁྲི་14.48བཏང་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་སྤྱོད་པའི་ཐོན་སྐྱེད་གཉེར་སྐྱོང་ཀྱི་འཁོར་རིགས་དང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་འཁོར་རིགས་ཁ་གྲངས་2157དང་དེར་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སྒོར་ཁྲི་14.48བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།