འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པའི་ངོ་གདོང་གསར་པ།

    —— ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་བརྙན་རིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དུས་རབས་གསར་པའི་ངོ་གདོང་གསར་པ།
          མི་དམངས་དྲ་བའི་འཕྲིན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སུ"རྙིང་པ་དང་། གྲངས་ཉུང་། མཐའ་འཁོབ། རི་ཁུལ། དབུལ་ཕོངས"བཅས་འདུས་ཡོད་པས། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འབད་འཐབ་ཀྱི་འཐབ་ར་གཙོ་གྲས་ཤིག་རེད། དབུལ་ཕོངས་མི་གྲངས་མང་ཤོས་ནི་བྱེ་རྡོ་ཅན་གྱི་རི་ཁུལ་དུ་ཡོད་ལ། འཚོ་བའི་ཆ་རྐྱེན་ཞན་པ་དང་སྐྱེ་ཁམས་ཁོར་ཡུག་ཞན་པ། རང་བྱུང་གནོད་འཚེ་མང་བ། རང་ཉིད་འཕེལ་རྒྱས་གཏོང་ནུས་ཆུང་བ་བཅས་ཡིན་སྟབས། དབུལ་སྒྲོལ་ལས་དོན་ཁྲོད་ཀྱི་དཀའ་གནད་ཆེ་བའི་ས་ཞིག་རེད། 
          "དབུལ་ཕོངས་ཀྱི་རྩ་བ་"གཅོད་ཆེད། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་གནས་སྤོ་དང་ཐོན་ལས་ཀྱི་དབུལ་སྐྱོར་སོགས་པའི་བྱེད་ཐབས་ཁྱབ་སྤེལ་ཤུགས་ཆེན་བྱས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་སེལ་འགག་སྒྲོལ་བྱས་ཡོད་ལ། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་ཚུད་པའི་འགན་སྲུང་བྱེད་བཞིན་ཡོད་པ་རེད།
          རི་ཁུལ་གྱི་དབུལ་སྒྲོལ་འབད་འཐབ་ཀྱི་འཐབ་རའི་མདུན་སར། དབུལ་ཕོངས་གྲོང་ཚོའི"ཧྲུའུ་ཅི་དང་པོ"5000དང་། གྲོང་གསེབ་ཏུ་བཅའ་སྡོད་ལས་བྱེད་རུ་ཁག་ཁྲི་3ཙམ། དབུལ་སྐྱོར་ལས་བྱེད་པ་ཁྲི་46.9བཅས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལམ་བཟོ་དང་། འཐུང་ཆུ་འདྲེན་པ། ཉེན་ཡོད་སྡོད་ཁང་བཟོ་བཅོས། སློབ་གསོ་འཕེལ་རྒྱས། ཐོན་ལས་ལ་སྐུལ་སྤེལ་བཅས་བྱས་ཏེ་དཀའ་སྤྱད་སྡུག་རུས་ཀྱིས་དབུལ་སྒྲོལ་གྱི་དཔའ་གླུ་རྩོམ་བཞིན་ཡོད་པ་རེད།
          བསྡོམས་རྩིས་བརྒྱབ་པ་ལྟར་ན། 2016ལོར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སུ་དབུལ་ཕོངས་མི་གྲངས་ཁྲི་111ཙམ་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ཞིང་། དབུལ་ཕོངས་གྲོང་ཚོ་943དང་དབུལ་ཕོངས་རྫོང་4ཙམ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་རེད། དབུལ་ཕོངས་མི་གྲངས་ནི་2010ལོར་ཁྲི་1012ཡོད་པ་ནས་ད་ལྟའི་དབུལ་ཕོངས་མི་གྲངས་ཁྲི་363.8བར་ཉུང་དུ་བཏང་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།དུས་རབས་གསར་པའི་ངོ་གདོང་གསར་པ།
      

    ཕྱོགས་བསྡུས་གསར་འགྱུར།