འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སར་ཀུན་གཏོད་བར་མཐོངས་ལ་མཐོ་ཤོས་སུ་ཁ་གསབ་སྒོར་ཁྲི་600རག་རྒྱུ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་དུས་ལྷ་ས་གྲོང་ཁྱེར་གྱིས་ཀུན་གཏོད་བར་མཐོངས་ཀྱི་ཁས་ལེན་བྱ་དགའི་བྱེད་ཐབས་བཏོན་པ་དང་རྒྱལ་ཁབ་རིམ་པའི་ཀུན་གཏོད་བར་མཐོངས་ གཉེར་སྐྱོང་སྒྲིག་གཞིར་བདམས་ཚེ་མཐོ་ཤོས་སུ་ཁ་གསབ་གྲོན་དངུལ་སྒོར་ཁྲི་600སྤྲོད་རྒྱུ་ཡིན་པ་རེད།
         ལྷ་ས་གྲོང་ཁྱེར་གྱིས་གླིང་དང་། རྫོང་(ཆུས) སྤྱི་ཚོགས་བཅས་ཀྱིས་མ་རྩ་བཏང་ནས་བསྐྲུན་པའི་ཀུན་གཏོད་བར་མཐོངས་ལ་སྨི་ངོས་གྲུ་རེར་སྒོར་20གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱིས་རྣམ་གྲངས་བཙུགས་པ་བརྒྱུད། གོང་རིམ་འབྲེལ་ཡོད་སྡེ་ཚན་ནས་མ་དངུལ་བརྩོན་ལེན་བྱས་ཏེ་གསར་དུ་བསྐྲུན་པའི་ཀུན་གཏོད་བར་མཐོངས་ལ་མ་འཇོག་བསྡོམས་འབོར་གྱི་5%གཞིར་བཟུང་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད།
        འཕེལ་རྒྱས་ཀྱི་གཞི་ཁྱོན་དང་། ཞབས་ཞུའི་ཆུ་ཚད། གཉེར་སྐྱོང་སྒྲིག་གཞིའི་བྱང་ཚད། དེ་བཞིན་སྐྱེད་སྲིང་བྱེད་བཞིན་པའི་ཁེ་ལས་ཀྱི་གྲངས་འབོར་གཞིར་བཟུང་། ལས་གཏོད་བར་མཐོངས་དེ་གྲོང་ཁྱེར་རིམ་པའི་ཀུན་གཏོད་བར་མཐོངས་ལ་ངོས་བཟུང་ཚེ། ཐེངས་གཅིག་ལ་སྒོར་ཁྲི་100ལས་མི་བརྒལ་བའི་གཉེར་སྐྱོང་ཁ་གསབ་ཐོབ་རྒྱུ་དང་། བོད་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་མཐོངས་ལ་ངོས་བཟུང་ཚེ། ཐེངས་གཅིག་ལ་སྒོར་ཁྲི་200ལས་མི་བརྒལ་བའི་གཉེར་སྐྱོང་ཁ་གསབ་ཐོབ་རྒྱུ། རྒྱལ་ཁབ་རིམ་པའི་ཀུན་གཏོད་བར་མཐོངས་ལ་ངོས་བཟུང་ཚེ། ཐེངས་གཅིག་ལ་སྒོར་ཁྲི་600ལས་མི་བརྒལ་བའི་གཉེར་སྐྱོང་ཁ་གསབ་ཐོབ་རྒྱུ་བཅས་རེད།
         གྲོང་ཁྱེར་རིམ་པ་ཡན་དུ་ངོས་བཟུང་བའི་ཀུན་གཏོད་བར་མཐོངས་ལ་ལོ་རེར་སྨི་ངོས་གྲུ་རེར་སྒོར་160ལས་མི་བརྒལ་བའི་ཚད་གཞི་གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་ལོ་ལྟར་སྒོར་ཁྲི་200ལས་བརྒལ་མི་རུང་། ལྷ་ས་གྲོང་ཁྱེར་(ཐད་གཏོགས)ཚན་པས་གཡར་བའི་ས་ཆ་ཞིབ་གཏན་བྱས་རྗེས། གྲོན་དངུལ་ཆ་ཚང་ཁ་གསབ་བྱ་རྒྱུ། གསར་དུ་དྲངས་པའི་རྒྱལ་ནང་གི་གྲགས་ཅན་ཀུན་གཏོད་བར་མཐོངས་ཀྱི་གཉེར་སྐྱོང་སྒྲིག་གཞིས་ལྷ་ས་གྲོང་ཁྱེར་དུ་ཀུན་གཏོད་བར་མཐོངས་བསྐྲུན་པ་དང་འབྲེལ་གཉེར་སྐྱོང་ལོ་གཅིག་བྱས་རྗེས། མ་འཇོག་བསྡོམས་འབོར་གྱི་30%གཞིར་བཟུང་སྒོར་ཁྲི་300ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་གཉེར་སྐྱོང་ཁ་གསབ་སྤྲོད་རྒྱུ་བཅས་རེད།
         ལྷ་ས་གྲོང་ཁྱེར་བཟོ་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་མིག་སྔར་ལྷ་སའི་ཚན་རྩལ་ཀུན་གཏོད་བར་མཐོངས་ཀྱི་འཁོར་རྒྱུག་ཡག་པོ་ཡོད་ཅིང་། ལས་གཏོད་ཚོགས་པ་55ནང་འདྲེན་བྱས་པར་ལྗོངས་ཕྱིའི་ཁེ་ལས་29དང་རང་ལྗོངས་ཀྱི་ཁེ་ལས་26ཡོད་པ་དེ་དག་གིས་ལས་གཏོད་མི་སྣ་151ལ་རོགས་རམ་བྱས་པ་དང་། མི་441གི་ལས་ཞུགས་ལ་ཐད་ཀར་སྣེ་ཁྲིད་བྱས་པ། ཐོན་རྫས་རིན་ཐང་སྒོར་ཁྲི་1500མངོན་འགྱུར་བྱུང་བ་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།