འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་པ་ཁག་དང་པོ་ལས་གནས་སུ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཁེ་བེད་བདག་ཐོབ་སྲུང་སྐྱོང་མཐུན་ཚོགས་ཤེས་བྱའི་བདག་དབང་རྩོད་གཞི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། ཁེ་ལས་ལས་རིགས་དང་། རིག་གཞུང་ལས་རིགས། ཁྲིམས་འཛིན་དང་སྲིད་འཛིན་ལས་ཁུངས་བཅས་ནས་གདན་དྲངས་པའི་ལས་འགན་གཅིག་ལྕོགས་ཀྱི་འདུམ་འགྲིག་པ་169དེ་རིང་དངོས་སུ་ལས་གནས་སུ་ཞུགས་པ་དང་ཆེད་ལས་ཀྱི་ཁོངས་སུ་ལག་རྩལ་གྱི་ཁྱབ་ཁོངས་གཙོ་བོ་ཁག་གཏོགས་ཡོད་པ་རེད།
         རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཁེ་བེད་བདག་ཐོབ་དོ་དམ་སིའི་སི་ཀྲང་ལུའེ་ཞའོ་ཡུན་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་སྒོ་བྱང་སྤྲོད་པའི་མཛད་སྒོར་ཕེབས་པ་མ་ཟད། འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འབྱུང་འགྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་དང་རེ་བའང་བཏོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཁེ་བེད་བདག་ཐོབ་སྲུང་སྐྱོང་མཐུན་ཚོགས་ནི་དམངས་སྲིད་པུའི་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ལས་སྒོ་གཙོ་གཉེར་བྱེད་པའི་རྒྱལ་ཁབ་ཀྱི་རང་བཞིན་དང་། ཆེད་ལས་ཀྱི་རང་བཞིན། ཁེ་གཉེར་མིན་པའི་རང་བཞིན་བཅས་ཀྱི་སྤྱི་ཚོགས་ཚོགས་པ་ཞིག་རེད། མཐུན་ཚོགས་ཀྱིས་མི་དམངས་འདུམ་འགྲིག་ཨུ་ལྷན་འཛུགས་པའི་དམིགས་ཡུལ་ནི་ཤེས་བྱའི་བདག་དབང་གི་རྩོད་གཞི་སྣ་མང་འདུམ་སེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་བྱའི་བདག་དབང་གི་སྲུང་སྐྱོང་དུས་ཡུན་རིང་བ་དང་མ་གནས་མཐོ་བ་སོགས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས་ཤེས་བྱའི་བདག་དབང་གི་རྩོད་གཞིར་མགྱོགས་མྱུར་སྟབས་བསྟུན་གྱི་ཐག་གཅོད་བྱེད་ཐབས་འདོན་རྒྱུ་དང་། དེ་བཞིན་ཤེས་བྱའི་བདག་དབང་གི“སྲུང་སྐྱོང་ཆེན་པོའི”ལས་ཀའི་རྣམ་པ་གཏོད་པའི་ལྷུ་ཚིགས་གལ་ཆེན་ཞིག་གི་ངོས་ནས། ཤེས་བྱའི་བདག་དབང་གི་སྲིད་འཛིན་དང་ཁྲིམས་འཛིན་སྲུང་སྐྱོང་སོགས་ཀྱི་ཐབས་ལམ་དང་མཉམ་ཤུགས་ཆགས་པ་དང་། ཁེ་བེད་བདག་ཐོབ་ཁྲིམས་འཛིན་སྲིད་སྐྱོང་གི་འདེགས་སྐྱོར་གལ་ཆེན་ཆགས་པར་བྱས་ནས་འབྲེལ་ཡོད་ཐོན་ལས་ཀྱི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་དེ་རེད། འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འབྱུང་འགྱུར་གྱི་འདུམ་འགྲིག་ལས་དོན་དེ་ཁེ་བེད་བདག་ཐོབ་དང་ལག་རྩལ་གྱི་གསང་བ་གཙོ་བོར་འཛིན་རྒྱུ་མ་ཟད། ཁྱབ་ཁོངས་གཞན་གྱི་ཤེས་བྱའི་བདག་དབང་གི་གྱོད་གཞི་ཡང་གཅིག་ལྕོགས་སུ་ཐག་གཅོད་བྱ་རྒྱུ་རེད།
          སྒོ་བྱང་སྤྲོད་པའི་མཛད་སྒོའི་ཐོག་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅའ་ཁྲིམས་བློ་འདྲི་དང་འདུམ་འགྲིག་པའི་འཐུས་མིར་གདན་ཞུའི་ཡི་གེ་སྤྲད་པ་མ་ཟད། ཅིང་ཏུང་དང་ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་གི་མཉམ་ལས་གྲོས་མཐུན་ཡི་གེའང་བཞག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།