འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པའི་བསམ་འཆར་ཚུར་ལན་ཕྱོགས་ཡོངས་ནས་
    ལག་ལེན་བསྟར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་དང་བརྒྱུད། ཟླ་12ཚེས་22ཉིན་ནས་བཟུང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་པ་ཁག་བཞི་པས་འབྲེལ་ཡོད་ཞིང་ཆེན་(རང་སྐྱོང་ལྗོངས)ལ་གཅིག་རྗེས་གཉིས་མཐུད་ངང་ལྟ་ཞིབ་བསམ་འཆར་ཚུར་ལན་བྱས་པ་དང་། དུས་མཚུངས་སུ་ལྟ་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་བདའ་འདེད་གནད་དོན་གྱི་གྱོད་དོན་ཡིག་ཆ་སྤྲད་པ་རེད།
         འདི་ལོའི་ཟླ་8ཚེས་7ནས་ཟླ་9ཚེས་15ཉིན་བར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་8ཀྱིས་ཅི་ལིན་དང་། ཀྲེ་ཅང་། ཧྲང་ཏུང་། ཧའེ་ནན། སི་ཁྲོན། བོད་ལྗོངས། མཚོ་སྔོན། ཤིན་ཅང་(པིང་ཐོན་ཚུད་པ)བཅས་ཞིང་ཆེན་(རང་སྐྱོང་ལྗོངས)8སོ་སོར་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་སྤེལ་བ་རེད། མིག་སྔའི་བར་ལྟ་ཞིབ་ཚོགས་ཆུང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་ཁོར་ཡུག་གི་གནད་དོན་ཐེར་འདོན་40706གཞི་རྩའི་ཆ་ནས་བསྒྲུབས་ཟིན་པ་དང་། ཚན་པ་10806ལ་གྱོད་དོན་ཐོ་འགོད་དང་ཆད་པ་བཅད་ནས་དངུལ་ཆད་སྒོར་ཁྲི་54759བཏང་བ་དང་། གནད་དོན་335ལ་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས་ནས་མི་424བཀག་ཉར་བྱས་པ། མི་4855ལ་སྐོང་འདྲི་དང་མི་6471ལ་འགན་འཁྲི་བདའ་འདེད་བཏང་བ་རེད།
         ལྟ་ཞིབ་ཚོགས་པས་ཞིང་ཆེན་(རང་སྐྱོང་ལྗོངས)8ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་ཐོབ་རུང་། ཀྲུང་དབྱང་གི་བླང་བྱ་དང་མང་ཚོགས་ཀྱི་རེ་འདོད་དང་བསྡུར་ན་ད་དུང་ཧེ་བག་ཡོད་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་འགའ་ཞིག་སྔར་བཞིན་ལྷག་འདུག་ཅེས་བསྟན་པ་རེད།
         ལྟ་ཞིབ་ཚོགས་པས་ཞིང་ཆེན་(རང་སྐྱོང་ལྗོངས)8ལ་ལས་ཀའི་ཉིན་30ཡི་རིང་ཚུན་དུ་རྩ་འཛུགས་དང་སྒྲིག་ཁོངས་ཀྱི་དག་ཐེར་ཇུས་གཞི་བཟོས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྐྱེལ་དགོས་པ་མ་ཟད། བླང་བྱ་གཞིར་བཟུང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་དང་། ལྟ་ཞིབ་དག་ཐེར་ལ་ཤུགས་སྣོན་དང་ཞིང་ཆེན་རིམ་པའི་བརྙན་འཕྲིན་ལས་ཁུངས་དང་། ཞིང་ཆེན་རིམ་པའི་ཏང་གི་ཚགས་པར། ཞིང་ཆེན་རིམ་པའི་སྲིད་གཞུང་གི་དྲ་ཚིགས་སོགས་སུ་དུས་བཀག་ལྟར་དག་ཐེར་གནས་ཚུལ་ཡོངས་བསྒྲགས་བྱས་ནས་དག་ཐེར་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ། ལྟ་ཞིབ་རྩིས་སྤྲོད་ཀྱི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་བདའ་འདེད་གནད་དོན་ལ་བརྟག་དཔྱད་གཏིང་ཟབ་བྱས་ནས་འགན་འཁྲི་སྔར་བས་ཁ་གསལ་དུ་གཏོང་བ་དང་སྦྲགས། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ། འཕེལ་རྒྱས་ཕྱོགས་སྒྱུར་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཁོར་ཡུག་སྲུང་སྐྱོང་ལ་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་གཉིས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།