འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་21ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུང་གནང་བ་རེད།
         ལིའུ་ཡན་ཏུང་གིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། ལས་ཀའི་བྱེད་སྟངས་དང་བྱེད་ཐབས་གསར་དུ་བཏོད་དེ་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་མ་ལུས་པ་མཐའ་འཁྱོངས་ཀྱིས་མི་རིགས་ཀྱི་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པར་བྱས་ཏེ། མི་རིགས་ས་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན་སོགས་སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་དང་། རིག་གནས་ཀྱི་བྱ་གཞག་དར་རྒྱས། དམངས་འཚོ་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་དང་འཛུགས་པའི་ལས་དོན་ལ་འཕེལ་རྒྱས་གཏིང་ཟབ་བཏང་ནས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཤིག་ཆགས་པར་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཏང་གིས་མི་རིགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་སུ་བཏང་ནས་ཁྲིམས་ལྟར་མི་རིགས་ཀྱི་ལས་དོན་བཅོས་སྐྱོང་གི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་བཅས་ཀྱི་ནན་བཤད་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།