འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་གཞི་ཆེ་མོས་མཚོ་སྔོན་ས་མཐོའི་ཞིང་འབྲོག་ལས་ལ"རིག་ནུས་ཀྱི་གཞི་གྱིན"བསྣན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་24ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་གི་དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་སུ་ཞོགས་པ་སྔ་པོ་ནས་ལྷད་མེད་ཀྱི་འདྲེ་ཚེར་མ་ནག་པོ་དང་། དྲི་ཞིམ་འཐུལ་བའི་པད་ཁའི་སྣུམ། ཀྲུང་ལུགས་སྨན་རྒྱུ་སྤུས་ལེགས་སོགས་དངོས་ཟོག་སྐྱེལ་བར་ཡོང་མཁན་གྱི་གྲོང་མིས་ཁེངས་ཤིང་། དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་སུ་གཅིག་ནས་རྒྱལ་ཡོངས་ས་གནས་ཁག་གི་དྲ་ཐོག་མངགས་ཐོ་འབྱོར་བ་དང་ལེན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཉམས་ལེན་ཚོང་ཁང་དུ་ཟོག་འགྲེམས་རླངས་འཁོར་དུ་ཞིང་འབྲོག་པས་བཏབ་པའི་སྣོད་བཅུད་ཞིང་ལས་ཁྱད་ལྡན་ཐོན་རྫས་བླུགས་ཏེ་རྫོང་གྲོང་དང་དེ་བཞིན་མཐའ་འཁོར་གྱི་གྲོང་རྡལ་དུ་འཚོང་གི་ཡོད།
          ཉེ་བའི་ལོ་ཤས་རིང་གྲངས་གཞི་ཆེ་མོ་ཟམ་མི་ཆད་པར་འཕེལ་རྒྱས་སོང་བ་དང་སྦྲགས། མཚོ་སྔོན་གྱིས་ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང་། ཤང་(གྲོང་རྡལ) གྲོང་ཚོ་བཅས་རིམ་པ་ལྔ་ཕན་ཚུན་སྦྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ཞིང་འབྲོག་ལས་ཀྱི་ཆ་འཕྲིན་དྲ་རྒྱ་དང་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་ནས་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ“རིག་ནུས་ཀྱི་གཞི་གྱིན”བསྣན་ཡོད།
        འདི་ལོའི་ཟླ་12པའི་ཟླ་སྟོད་དུ་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་དང་མཚོ་སྔོན་པའོ་ཤུན་ཁུངས་འདེད་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་མ་དངུལ་བཏང་སྟེ་བསྐྲུན་པའི་མཚོ་སྔོན་ཞིང་ཆེན་གྱི“དྲ་སྦྲེལ+”ས་མཐོའི་ཁྱད་ལྡན་རིག་ནུས་ཞིང་འབྲོག་ལས་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་དངོས་སུ་བེད་སྤྱོད་བཏང་བ་ལས་མཚོ་བོད་ས་མཐོའི་རིག་ནུས་ཞིང་འབྲོག་ལས་ཀྱི་གོམ་སྟབས་གསར་པ་སྤོས་པ་མཚོན་གྱི་ཡོད།
         ལས་སྟེགས་དེར“1+14+N”ཡི་རྣམ་པ་སྤྱད་པ་སྟེ“ལས་སྟེགས་1དང་། སྒྲོམ་གཞི་ཆེ་བ14 ཉེར་སྤྱོད་མ་ལག་N”བཅས་ཡིན་ཞིང་། དེས་ཡུལ་ལུག་དང་། འབྲི་གཡག ཆུ་གྲང་ཁུལ་གྱི་ཉ། ཤིང་འབྲས་དང་སྔོ་ཚལ། གཟན་རྩྭ་གཟན་ཆག་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་ཞིང་འབྲོག་ལས་ཀྱི་ཟོག་འགྲེམས་དྲ་རྒྱའི་དཔེ་སྟོན་ཉེར་སྤྱོད་བཏོད་ནས་ཐོན་སྐྱེད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ཀྱི་ཕྱོགས་བསྡུས་སྤུས་ཚད་ཁུངས་འདེད་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་ཤིག་གྲུབ་ནས་མཚོ་བོད་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།