འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོའི་ཟླ་12པའི་གོང་དུ་ཞིང་ཆེན་དོ་དམ་ལས་བྱེད་པ་211ལ་བརྡ་ཁྱབ་བཏང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ད་ལོའི་ཟླ་12པའི་གོང་དུ་ཞིང་ཆེན་དོ་དམ་ལས་བྱེད་པ་211ལ་བརྡ་ཁྱབ་བཏང་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་དྲ་ཚིགས་སུ་ཟླ་འདིའི་ནང་གི་སྒྲིག་བཤེར་ཀྱི་ཞིང་ཆེན་དོ་དམ་ལས་བྱེད་པར་བརྡ་ཁྱབ་ཐོག་མར་བཏང་བ། ཁོ་པ་ནི་ཅི་ལིན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཝང་ཁོ་ཁྲེང་ཡིན་པ་རེད།
          ཝང་ཁོ་ཁྲེང་གིས་ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར་དུ་དུས་ཡུན་ལོ་བཅུ་རིང་འཁུར་མྱོང་ཞིང་། སྔ་གཞུག་ཏུ་གྲོང་ཁྱེར་གྱི་འགོ་འཛིན་དང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཉིས་ཀྱི་འགན་ཁུར། དེ་ནས་ཅི་ལིན་ཞིང་ཆེན་ས་གནས་དཔྱ་ཁྲལ་ཅུད་ཀྱི་འགོ་འཛིན་གྱི་འགན་ཁུར་བ་རེད། ད་ལོ་ཁོ་རང་ལོ་60ལ་སོན་རྗེས་ཅི་ལིན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དུ་གྱུར་པ་རེད།
         《ཁྲིམས་སྐྱོང་ཉིན་རེའི་ཚགས་པར་》གྱི་གསར་འགོད་པས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་དྲ་ཚིགས་ཀྱི་སྒྲིག་བཤེར་ལེ་ཚན་དུ་ཕྱོགས་བསྡོམས་ལེགས་སྒྲིག་བྱས་པ་ལས། ད་ལོའི་ཟླ་12པའི་གོང་གི་ཟླ་བ་བཅུ་གཅིག་གི་རིང་ལ། ཞིང་ཆེན་དོ་དམ་གྱི་ལས་བྱེད་པ་211བརྡ་ཁྱབ་བཏང་ཡོད་པ་རེད།
          《ཁྲིམས་སྐྱོང་ཉིན་རེའི་ཚགས་པར་》གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་མཁན་རུལ་སུངས་ངོ་རྒོལ་ཞིབ་འཇུག་གི་ཆེད་མཁས་པས་གཞི་གྲངས་འདིའི་ཐོག་ནས་ཀྲུང་དབྱང་གི་སྐབས་བརྗེའི་ལོར་ཡང་རུལ་སུངས་ལ་རྒོལ་བའི་གོམ་སྟབས་དལ་དུ་མི་གཏོང་བ་མངོན་ཡོད་པར་མ་ཟད། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་ཟིལ་གནོན་གྱི་རྣམ་པ་སྲ་བརྟན་དུ་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ལྡན་པ་མཚོན་པའི་ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།