འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་ཞིང་ཆེན་རིག་གནས་ཐིང་གི་འགོ་འཛིན་ཟུར་པ་
    ཧོང་ཅུན་ལ་ཉེས་བསགས་ཀྱི་དོགས་པ་ཡོད་སྟབས་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་དུ། ཡུན་ནན་ཞིང་ཆེན་སྒྲིག་ཨུད་ཀྱི་གནས་འཕྲིན་ལྟར་ན། ཉེ་སྔོན། ཀྲུང་གུང་ཡུན་ནན་ཞིང་ཆེན་ཨུ་ལྷན་ལ་བཀའ་འཁྲོལ་ཞུས་ཏེ་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཡུན་ནན་ཞིང་ཆེན་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་བྱེད་སྐབས་ཡུན་ནན་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་ཞིང་ཆེན་རིག་གནས་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཟུར་པ་དང་འགོ་འཛིན་ཟུར་པ་ཧོང་ཅུན་ལ་ཉེས་བསགས་དོགས་ཡོད་ཀྱི་གནད་དོན་ཡོད་སྟབས་ཞིབ་དཔྱོད་ལས་ཁུངས་སུ་བསྐྱལ་ཏེ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།