འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཞང་ལི་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་ལ་བསྐོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐེན་ཞང་ལི་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་ལ་བསྐོས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཚོགས་འདུའི་ཐོག་ བློ་མཐུན་ཐེན་ཞང་ལི་(田向利)ཞིང་ཆེན་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་དུ་བསྐོས་པ་དང་། བློ་མཐུན་ལི་ཅིང་གྱིས་ལས་འགན་འཁུར་མི་དགོས་པའི་ཞིང་ཆེན་ཨུ་ལྷན་གྱི་ཆོད་དོན་ཡོངས་བསྒྲགས་བྱས་པ་རེད། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཏེང་ཞུའོ་ཀང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།