འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མངོན་མིན་རིག་གནས་ཤུལ་བཞག"རྩེད་ཐེར"གྱིས་དབུལ་སྒྲོལ་ལ་ཕན་ཐོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་19ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མངོན་མིན་རིག་གནས་ཤུལ་བཞག'རྩེད་ཐེར'གྱིས་དབུལ་སྒྲོལ་ལ་ཕན་ཐོགས་པ།
         མི་དམངས་དྲ་བའི་འཕྲིན། "རྩེད་ཐེར"ནི་ལྷོ་ཁ་རྩེད་ཐང་ནས་ཐོན་པའི་ཐེར་མ་ཡིན་ལ། དེ་ནི་བོད་ཀྱི་སྣམ་བུའི་རྨང་གཞིའི་ཐོག་རྒྱུ་སྤུན་ཕྲ་རུ་བཏང་ཞིང་། མཐུག་པ་སྲབ་ཏུ་བཏང་ནས་རིམ་བཞིན་འཁེལ་འཐག་གི་སྒྱུ་རྩལ་ལས་སྒྲུབ་པ་ཞིག་རེད། དེ་སྔོན"རྩེད་ཐེར"གྱི་རྒྱུན་ཆད་པའི་ཉེན་ཁ་བྱུང་ཡང་། 2008ལོར་བོད་ལྗོངས་ལྷོ་ཁའི་ཞིང་པ་རི་མོ་བ་པ་སངས་ལགས་ཀྱིས་སྣེ་གདོང་ཁུལ་མི་རིགས་ལག་བཟོ་ཐེར་མའི་འཐག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་གནང་བ་ལས"རྩེད་ཐེར"མྱུར་སྐྱོབ་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རེད།
         མཉམ་ལས་ཁང་བཙུགས་པ་ནས་བཟུང་། ཁྱོན་བསྡོམས་མང་ཚོགས་དབུལ་པོ་122ཀྱི་ལས་བསྒྱུར་ཐག་གཅོད་བྱས་པ་དང་། ལོ་རེར་མི་རེའི་ཡོང་འབབ་ཆ་སྙོམས་སྒོར་ཁྲི་3རེ་འཕར་ཡོད་པ་རེད། ད་དུང་དབང་པོ་སྐྱོན་ཅན་29ཡི་ལས་ཀ་ཐག་གཅོད་བྱས་ཏེ་ལོ་རེར་མི་རེའི་ཡོང་འབབ་ཆ་སྙོམས་སྒོར་ཁྲི་1རེ་འཕར་ཡོད་པ་རེད།
    ༄༅།།མངོན་མིན་རིག་གནས་ཤུལ་བཞག'རྩེད་ཐེར'གྱིས་དབུལ་སྒྲོལ་ལ་ཕན་ཐོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།