འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་གནམ་ཐང་དུ་ལོ་གཅིག་གི་ནང་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་
    2000ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་40ཙམ་དུ་དུས་གཏན་གནམ་གྲུ་GS6510བརྟན་པོའི་ངང་བབས་པ་དང་སྦྲགས་ཐེན་ཅིན་པིན་ཧའེ་རྒྱལ་སྤྱིའི་གནམ་ཐང་གི་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2000ལས་བརྒལ་བ་དེ་དུས་མཚུངས་ལས་23.6%འཕར་ནས་རྒྱལ་ཡོངས་གནམ་ཐང་གི་སྐྱེལ་འདྲེན་བྱེད་ཚད་ཨང་19པར་སླེབས་ཏེ་བྲེལ་བརྩོན་ཆེ་བའི་གནམ་ཐང་གི་གྲས་སུ་ཚུད་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་ཐེན་ཅིན་གནམ་ཐང་གིས་རྒྱལ་སའི་གནམ་ཐང་གི་རྒྱལ་སྤྱི་མིན་པའི་ལྟེ་བའི་ནུས་པ་རྒྱུན་མཐུད་བྱས་ནས་ཅིང་ཅིན་ཅི་གསུམ་གཞི་གཅིག་ཅན་འཕེལ་རྒྱས་ལ་དེ་བས་གལ་འགངས་ཆེ་བའི་ནུས་པ་ཐོན་བཞིན་ཡོད། འདི་ལོའི་རྒྱལ་སའི་གནམ་ཐང་གི་རྒྱུག་ལམ་ཉམས་བཟོ་ཆེན་པོ་དང“རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་རིང་པེ་ཅིང་ནས་ཐེན་ཅིན་དུ་འགྲུལ་ཟོག་སྐྱེལ་འདྲེན་གྱི་དུས་གཏན་གནམ་གྲུ་བསྒྱུར་ཚད་ཁག་ཐེངས་499དང་95སོ་སོར་ཟིན་པ་དང་འགྲུལ་པ་མི་ཐེངས་ཁྲི་7.13དང་དངོས་ཟོག་ཏུན་1510.6སྐྱེལ་འདྲེན་བྱས་པ་རེད། དུས་མཚུངས་ཐེན་ཅིན་གནམ་ཐང་གིས་བྱང་རྒྱུད་ས་ཁུལ་གྱི་མཁའ་འགྲུལ་ཡུལ་སྐོར་ཁྲོམ་ར་སྔར་བས་རྒྱ་སྐྱེད་བཏང་ནས་འདི་ལོའི་ཟླ་11པའི་ཟླ་མཇུག་བར་པེ་ཅིང་ནས་ཐེན་ཅིན་གནམ་ཐང་དུ་ཡོང་སྟེ་རྒྱལ་སྤྱིའི་ཡུལ་སྐོར་དུས་གཏན་གནམ་གྲུར་སྡོད་མཁན་འགྲུལ་པ་མི་ཐེངས་ཁྲི་72.7ཟིན་ཡོད། ཐེན་ཅིན་གནམ་ཐང་གིས་ད་དུང་པེ་ཅིང་གི་ཆིང་རྒྱལ་རབས་ཀྱི་རྒྱལ་པོའི་བང་སོ་གནས་ཡུལ་གྱི་ས་ངོས་འགྲུལ་སྐྱེལ་ལམ་ཐིག་དང་དེ་བཞིན་ཐང་ཧྲན་ཐག་རིང་ས་ངོས་འགྲུལ་སྐྱེལ་ལམ་ཐིག་ཤར་གཏོང་བྱས་ཏེ་ཟླ་དང་པོ་ནས་བཅུ་གཅིག་བར་ཐེན་ཅིན་གནམ་ཐང་ནས་པེ་ཅིང་དང་ཐང་ཧྲན་གྱི་མཁའ་ལམ་ཐོག་ཁྱོན་མི་ཐེངས་ཁྲི་5.4སྐྱེལ་འདྲེན་བྱས་ཏེ་ཐེན་ཅིན་ནས་པེ་ཅིང་དང་། ཐང་ཧྲན། ཆིན་ཧོང་ཏའོ། ཁྲེང་ཏེ། ཀྲང་ཅ་ཁའུ་སོགས་སུ་བསྐྱོད་པའི་རིག་གནས་དང་། རྒྱ་མཚོ། རྩྭ་ཐང་། ཚྭ་གཡོལ། གངས་འཁྱགས་སོགས་ཀྱི་ཡུལ་སྐོར་ལམ་ཐིག་སྔར་བས་ཤར་གཏོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།