འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་1ནས་11བར་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ལོ་ལྔའི་དུས་མཚུངས་ཀྱི་ཡག་
    ཤོས་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་1ནས་11བར་རང་རྒྱལ་གྱི་ཀྲུང་དབྱང་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དང་ཁེ་སྤོགས་བསྡོམས་འབོར་ཁག་གཉིས་ཀྱི་གལ་ཆེའི་གཉེར་སྐྱོང་སྟོན་གྲངས་གྲངས་གནས་གཉིས་འཕར་རྒྱུ་མངོན་འགྱུར་ཐུབ་པ་དང་ཁེ་སྤོགས་འཕར་ཚད་ཉེ་བའི་ལོ་ལྔའི་དུས་མཚུངས་ཀྱི་ཚད་གཞི་ཡག་ཤོས་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་1ནས་11བར་ཀྲུང་དབྱང་ཁེ་ལས་ལ་ཚོང་གཉེར་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་23.6བྱུང་བ་དེ་དུས་མཚུངས་ལས་14.3%འཕར་བ་དང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་13253.3ཟིན་ནས་17.2%འཕར་ཡོད་པ་རེད། ཟླ་1ནས་10པ་བར་རྒྱལ་ཡོངས་ཀྱི་གཞུང་རྒྱུ་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་དང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་39.6དང་སྒོར་དུང་ཕྱུར་22828.4སོ་སོར་ཟིན་ནས་16.3%དང་23.7%སོ་སོར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།