འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་དོན་པུས་2018ལོའི་ཞིང་ལས་ཐོན་རྫས་ཁག་གཅིག་ཕྱིར་གཏོང་གི་བགོས་འབོར་
    བགོ་བཤའི་ཇུས་གཞི་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་ཟོག་ཕྱིར་གཏོང་དོ་དམ་སྲོལ་ཡིག་》དང་《ཕྱིར་གཏོང་ཚོང་ཟོག་གི་བགོས་འབོར་དོ་དམ་བྱེད་ཐབས་》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱལ་སྤྱིའི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་དང་དེ་བཞིན་ས་ཁུལ་ཁག་དང་ཁེ་ལས་ཁག་གི་ཕྱིར་གཏོང་བགོས་འབོར་ལག་བསྟར་གནས་ཚུལ་ལ་གཞིགས་ནས། ཚོང་དོན་པུས་《2018ལོའི་ཞིང་ལས་ཐོན་རྫས་ཁག་གཅིག་གི་ཕྱིར་གཏོང་བགོས་འབོར་བགོ་བཤའི་ཇུས་གཞི་》བཟོས་པ་རེད།
         ཚོང་དོན་པུས་ས་གནས་ཁག་གི་ཚོང་དོན་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་ཕྱིར་གཏོང་བགོས་འབོར་གྱི་ཐེངས་གཉིས་པའི་བགོ་བཤའ་དང་ཞིབ་བསྡུར་དང་ལྡོག་འདྲེན་ལས་དོན་དུས་ཐོག་ཏུ་ཡག་པོ་བསྒྲུབས་ནས་བགོས་འབོར་གཙོ་བོ་འགོས་འབོར་སྤྱོད་ཚད་མཐོ་བ་དང་། གཉེར་སྐྱོང་ནུས་པ་ཆེ་བ། ཟོག་ཁུངས་སྤུད་ཚད་ལེགས་པ། སྤུས་རྟགས་ཀྱི་ཡིད་ཆེས་དང་སྙན་གྲགས་ཆེ་བ་བཅས་ཀྱི་ཁེ་ལས་ལ་བགོ་དགོས་པ་དང་། ས་གནས་ཁག་གི་བགོས་འབོར་གྱི་ཐེངས་གཉིས་པའི་བགོ་བཤའི་ཇུས་གཞི་དུས་ཐོག་ཏུ་ཚོང་དོན་པུའུ(ཕྱི་ཕྱོགས་ཉོ་ཚོང་སི)ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་ཆབས་ཅིག ཚོང་དོན་པུའི་བགོས་འབོར་འཐུས་མཆན་ལག་ཁྱེར་ལས་དོན་ཅུས་དང་ཀྲུང་གོ་རྒྱལ་སྤྱིའི་གློག་རྡུལ་ཚོང་དོན་ལྟེ་གནས་དང་འབྲེལ་ཡོད་ཕྱིར་གཏོང་འཐུས་མཆན་ལག་ཁྱེར་སྤྲོད་སའི་སྒྲིག་གཞིར་ངོ་བཤུས་བྱས་ནས་སྐྱེལ་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།