འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ལྷོ་རྒྱུད་དུ་དུས་གཏན་མེ་འཁོར་ཞིག་དང་སློབ་གྲྭའི་རླངས་འཁོར་ཞིག་རྡུང་ག་ཐེབས་
    པའི་དོན་རྐྱེན་བྱུང་ནས་མི་4གྲོངས་པ་དང་མི་24ལ་རྨས་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྥ་རན་སེའི་ལྷོ་རྒྱུད་དུ་དུས་གཏན་མེ་འཁོར་ཞིག་དང་སློབ་གྲྭའི་རླངས་འཁོར་ཞིག་རྡུང་ག་ཐེབས་
པའི་དོན་རྐྱེན་བྱུང་ནས་མི་4གྲོངས་པ་དང་མི་24ལ་རྨས་སྐྱོན་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། ཧྥ་རན་སེའི་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལྟར་ན། ཧྥ་རན་སེ་རྒྱལ་ཁབ་ལྷོ་རྒྱུད་ཀྱི་པི་ལི་ཉོའུ་སི་ཤར་མའི་ཞིང་ཆེན་དུ། ཉིན་དེའི་ཕྱི་དྲོར་དུས་བརྟན་མེ་འཁོར་ཞིག་དང་སློབ་གྲྭའི་རླངས་འཁོར་ཞིག་རྡུང་ག་ཐེབས་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་སློབ་མ་4གྲོངས་པ་དང་། དེ་མིན་མི་24རྨས་སྐྱོན་བྱུང་ཡོད་པ་རེད།
          པི་ལི་ཉོའུ་སི་ཤར་མའི་ཞིང་ཆེན་སྲིད་གཞུང་གིས་ཉིན་དེར་སྤྱི་བསྒྲགས་སྤེལ་ཏེ"དོན་རྐྱེན་ཚབས་ཆེན"འདི་ནི་ཞིང་ཆེན་དེ་གའི་ལྕགས་ལམ་དང་གཞུང་ལམ་གྱི་རྒྱ་གྲམ་ལམ་ཁར་བྱུང་འདུག་ཅེས་བརྗོད་པ་རེད།
          ཧྥ་རན་སེའི་གློག་འཕྲིན་ཁང་གིས་ཡུལ་དངོས་ཀྱི་ཉེན་རྟོག་པའི་སྐད་ཆ་དྲངས་ནས་གནས་འཕྲིན་སྤེལ་ཏེ་དོན་རྐྱེན་ཁྲོད་དུ་ཤི་རྨས་བྱུང་བ་གཙོ་བོ་ནི་སློབ་གྲྭའི་རླངས་འཁོར་དུ་བསྡད་པའི་སློབ་མ་ཡིན་པ་དང་། སློབ་གྲྭའི་རླངས་འཁོར་དེའི་ནང་སློབ་མ་45ནས་50ཙམ་ཡོད་པ་དང་། དོན་རྐྱེན་ནང་སློབ་མ་4གྲོངས་པ་དང་། དེ་མིན་མི་གྲངས་21ལ་རྨས་ཕོག་ཡོད་པ། དུས་གཏན་མེ་འཁོར་ནང་གི་མི་3ལ་རྨས་སྐྱོན་ཕྲན་བུ་བྱུང་འདུག་ཅེས་བརྗོད་པ་རེད།
           དོན་རྐྱེན་འདིའི་འབྱུང་རྩ་ནི་ད་དུང་ཤེས་རྟོགས་བྱུང་མེད་པ་རེད། ཧྥ་རན་སེའི་རྒྱལ་གཉེར་ལྕགས་ལམ་ཀུང་སིས། དོན་རྐྱེན་བྱུང་སྐབས་དུས་གཏན་མེ་འཁོར་འདིའི་བགྲོད་ཚད་ནི་ཆུ་ཚོད་གཅིག་ལ་སྤྱི་ལེ་80བགྲོད་ཐུབ་པའི་ཚད་ཡིན་པ་དང་། འདི་ནི་རྒྱུན་ལྡན་གྱི་བགྲོད་ཚད་རེད་ཅེས་བསྟན་པ་རེད།
    ༄༅།།ཧྥ་རན་སེའི་ལྷོ་རྒྱུད་དུ་དུས་གཏན་མེ་འཁོར་ཞིག་དང་སློབ་གྲྭའི་རླངས་འཁོར་ཞིག་རྡུང་ག་ཐེབས་
པའི་དོན་རྐྱེན་བྱུང་ནས་མི་4གྲོངས་པ་དང་མི་24ལ་རྨས་སྐྱོན་བྱུང་བ།
    ༄༅།།ཧྥ་རན་སེའི་ལྷོ་རྒྱུད་དུ་དུས་གཏན་མེ་འཁོར་ཞིག་དང་སློབ་གྲྭའི་རླངས་འཁོར་ཞིག་རྡུང་ག་ཐེབས་
པའི་དོན་རྐྱེན་བྱུང་ནས་མི་4གྲོངས་པ་དང་མི་24ལ་རྨས་སྐྱོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།